![]() |
ཅ་དམ་འགོ་དཔོན་ཚུ་གིས་ ཆང་བི་ཡར་ཚུ་ འབོ་བཏང་པའི་བསྒང་། |
དེ་ཡང་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ འཐུང་རིགས་ཚུ་གི་ དུས་ཡོལ་སོཔ་ལས་ མེདཔ་གཏང་དགོ་ཟེར་ སླབ་མི་དང་འཁྲིལ་ ད་ཅམ་ལས་བྱེདཔ་ཚུ་གིས་ ཨི་ནར་ཇི་ཌིངཀསི་ཤོག་སྒྲོམ་༥༠༠ དང་ ཀིང་ཕི་ཤར་ ཏུར་བོག་ ཕོསི་ཊར་ ཊའི་གར་ ཧེ་ནི་ཀེན་ལ་སོགས་པའི་ ཆང་བི་ཡར་ཤོག་སྒྲོམ་༡༤༠ འབོ་བཏང་ནུག།
ཤེལ་དམ་སྟོངམ་ཚུ་ ལྕགས་རོ་ཚོང་འབྲེལ་འཐབ་མི་ལུ་ བཙོང་ནི་དང་ ཤོག་སྒྲོམ་ཚུ་ ལོག་སྤྱོད་བཏུབ་བཟོ་མི་ལུ་ བཙོང་ནི་ཨིན་ཟེར་ ཅ་དམ་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སྟོབས་ཤུགས་བཏག་ནི་གི་ ཨི་ནར་ཇི་ཌིངཀསི་ཚུ་ ཕྱི་རྒྱལ་ལས་དང་ ཆང་བི་ཡར་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།
སྟོབས་ཤུགས་བཏག་ནི་གི་ འཐུང་རིགས་ཚུ་གི་ དུས་ཡོལ་འགྱོ་ནི་གུ་ བལྷོད་ཡོདཔ་ལས་ ཅ་དམ་འགོ་དཔོན་ཚུ་གིས་ རིན་བསྡུར་ཐོག་ལས་ མ་བཙོངམ་ཨིན་པའི་གནས་ཚུལ།
No comments:
Post a Comment