གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་རྩིས་ཐེབས་རྐྱབ་མི་ཚུ་ དབྱེ་དཔྱད་མཐིལ་ཕྱིན་འབད་ནི།

༡༨/༣/༢༠༡༣   ༉ གཞལམ་སྒང་ལུ་ ཁྱིམ་གུང་༡ གི་མི་རྩིས་ནང་ ཕོ་སྐྱེས་༣ ཐེབས་བཙུགས་ཡོད་པའི་ ཉོགས་བཤད་བཀོད་མི་དེ་ལུ་ ནང་སྲིད་ལྷན་ཁག་གི་ མི་རྩིས་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞིབ་དཔྱད་མཐིལ་ཕྱིན་མ་འབད་ཚུན་ ངོས་ལེན་མི་འབད་ཟེར་ཨིན་པས།


མི་རྩིས་སྡེ་ཚན་གྱི་ མཉམ་འབྲེལ་མདོ་ཆེན་ སྲིད་ཐར་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉོགས་བཤད་བཀོད་མི་དང་ མི་རྩིས་ནང་ཚུད་མི་ ཕོ་སྐྱེས་ཚུ་གི་བར་ན་ འབྲེལ་བ་ག་ཅི་ཡོདཔ་ཨིན་ན་ དབྱེ་དཔྱད་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
མི་རྩིས་ལས་ཁུངས་ཀྱིས་ མི་རྩིས་ནང་ལས་ མིང་བཏོན་གཏང་ནིའི་ དབང་ཚད་མེད་ཟེར་ སྲིད་ཐར་རྡོ་རྗེ་གིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བསྒང་ མི་རྩིས་ཐོ་བཀོད་འབད་བའི་སྐབས་ འབྲེལ་ཡོད་འགོ་དཔོན་ལེ་ཤ་ཡོདཔ་ལས་ རྫོང་ཁག་གིས་ ཁོང་ལུ་ དྲི་དཔྱད་འབད་དགོཔ་ ཨིན་ཟེར་ཨིན་པས།
མཉམ་འབྲེལ་མདོ་ཆེན་གྱིས་འབད་བ་ཅིན་ གཞལམ་སྒང་ལུ་ མི་རྩིས་ཐེབས་རྐྱབ་ཡོད་པའི་སྐོར་ལས་ དབྱེ་ཞིབ་འབད་བའི་སྐབས་ སྟབས་མ་བདེཝ་ཐོན་པ་ཅིན་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ གཏང་དགོཔ་སྦེ་ ཡི་གུ་ལེ་ཤ་ཅིག་ར་ བཏང་ཡི་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་གིས་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་ཟེར་ སླབ་མས་ཟེར་ཨིན་པས།
གཞལམ་སྒང་རྫོང་བདག་ ཀརྨ་འབྲུག་པ་གིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་གིས་ ཞིབ་དཔྱད་འབད་ནིའི་ནང་ དུས་ཚོད་འགོར་མི་དེ་ཡང་ རྩོད་དོན་དེ་ རྙིངམ་འབད་ནི་དེ་གིས་ ཡིག་ཆ་ཚུ་ འཚོལ་འཐོབ་ནི་ལུ་ དཀའ་ངལ་བྱུང་ནི་དེ་གིས་ཨིན་ཟེར་ཨིན་པས།
གཞལམ་སྒང་ཁྲོམ་གྱི་ ཨཔ་ཅིག་གིས་ སྐྱེས་ལོ་༢༠ ལྷགཔ་རེ་འབད་མི་ ཕོ་སྐྱེས་༣ ཆ་ར་ ཁོ་གི་བུ་ཨིན་ཟེར་ སླབ་སྟེ་འབད་རུང་ ཨའི་དེ་ དགེ་ལེགས་ཕུག་ལུ་འབད་ནི་དེ་གིས་ ག་ཅི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།
ཕོ་སྐྱེས་༣ ཆ་ར་ ཐིམ་ཕུ་ལྕང་སྒང་ཁ་ལུ་སྡོད་མི་ ཨཔ་ཅིག་གི་ བུ་དང་ ཚབོ་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས། སྐྱེས་ལོ་༧༦ ལང་མི་ ཨ་པ་དེ་དང་ ཁོ་གི་བཟའ་ཚང་ཚུ་གིས་འབད་བ་ཅིན་ ཁོང་གི་ མི་རྩིས་གྲངས་སུ་རྐྱབ་ཡོད་མི་ ཕོ་སྐྱེས་༣ ཆ་ར་ ངོ་མ་ཤེས་པའི་ཁར་ ག་དེ་སྦེ་ བཙུགས་ཡོདཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
ད་ལས་ཕར་ དེ་བཟུམ་མའི་ དཀའ་ངལ་ཚུ་ མི་བྱུང་ནིའི་དོན་ལུ་ ལས་ཁུངས་ཀྱིས་ ཐབས་ཤེས་གསརཔ་ཅིག་ བཏོན་ཏེ་ཡོད་ཟེར་ སྲིད་ཐར་རྡོ་རྗེ་གིས་ སླབ་ཨིན་པས།
དེ་ཡང་ཁོང་གིས་ ལོ་བསྟར་མི་རྩིས་ཐོ་བཀོད་འབད་བའི་སྐབས་ ཚེ་འདས་དང་ གསརཔ་སྐྱེས་མི་ཚུ་རྐྱངམ་གཅིག་ ཐོ་བཀོད་འབད་ནི་མེན་པར་ མི་རྩིས་གཅིག་ནང་ཡོད་མི་ མི་ངོམ་ག་རའི་ མིང་གསལ་ལྷག་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment