གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁུ་རུ་མཐའ་བཅད་འོག་མའི་ནང་ སྡེ་ཚན་༩ གིས་ འགྲན་བསྡུར་འབད་ནི།

༡༨/༣/༢༠༡༣   ༉ ད་རིས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ སྡེ་ཚན་༩ གི་བར་ན་ ཁུ་རུའི་ མཐའ་བཅད་འོག་མ་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ རྒྱལ་ཁ་ཐོབ་མི་སྡེ་ཚན་༣ གྱིས་ ནངས་པ་མཐའ་བཅད་རྩེད་འགྲན་ནང་ གོ་སྐབས་འཐོབ་ནི་ཨིན་པས།


ཁ་ཙ་ཕྱི་རུའི་ཆུ་ཚོད་༢ ལས་༥ ཚུན་ རྩེད་འགྲན་འབད་མི་ སྡེ་ཚན་༥ པོ་ཆ་ར་གིས་ མཐའ་བཅད་འོག་མའི་རྩེད་འགྲན་ནང་ གོ་སྐབས་ཐོབ་མི་དེ་ཡང་ སྡེ་ཚན་གཞན་མི་༣ ལས་ སྐུགས་མཐོ་སུ་སྦེ་ ཐོབ་མི་ལུ་བརྟེན་ཨིན་པས།
དེ་ཡང་ འབྲུག་སྨན་ལྗོངས་དང་ རྫོང་ཁྲིམས་སྲུང་ དེ་ལས་ ཊཱག་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ འབྲུག་སྨན་ལྗོངས་སྡེ་ཚན་གྱིས་ སྐུགས་༤ ཆོད་དེ་ སྐུགས་ཐོབ་ཚད་༦ དང་ ཊཱག་སྡེ་ཚན་ལུ་ སྐུགས་ཐོབ་ཚད་༤ དེ་ལས་ རྫོང་ཁྲིམས་སྲུང་སྡེ་ཚན་ལུ་ སྐུགས་ཐོབ་ཚད་༢ ཐོབ་ཡོདཔ་ཨིན་པས།
ད་རིས་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ ལས་ ཉི་མ་ཆུ་ཚོད་༡༢ ཚུན་ རྒྱལ་ས་ལྟེ་བ་དང་ འབྲུག་སྨན་ལྗོངས་ དེ་ལས་ རང་ལུགས་ལྷམོ་བཟོ་སྡེ་ཚན་༣ གྱི་བར་ན་རྩེ་ནི་ཨིནམ་མ་ཚད་ ས་ཁོངས་གཞན་མིའི་ནང་ ཊཱག་སྡེ་ཚན་དང་ གུ་རུ་དབང་རྒྱལ་ དེ་ལས་ རུ་ཀི་ཆུ་སྡེ་ཚན་༣ གྱི་བར་ན་ རྩེ་ནི་ཨིན་པས།
ཉི་མའི་ཆུ་ཚོད་༢ ལས་ མཉམ་རོགས་གཞོནམ་དང་ གང་འདྲཝ་ དེ་ལས་ རྫོང་ཁྲིམས་སྲུང་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
དབྱེ་ཁག་༣ སྦེ་ སྡེ་ཚན་༩ གིས་ དོ་འགྲན་འབད་ཐོག་ལས་ དབྱེ་ཁག་རེ་ལས་ རྒྱལ་ཁ་ཐོབ་མི་སྡེ་ཚན་རེ་གིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཚུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment