གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་གཏེར་གྱི་ཚོང་འབྲེལ་ བསྐྱར་འཛུགས་འབད་དགོ་པའི་གྲོས་འཆར།

༡༨/༣/༢༠༡༣ ༉ བསམ་རྩེའི་ ཚོང་པ་ཚུ་དང་ ཡང་ཅིན་ རྫོང་ཁག་ནང་ དཔལ་འབྱོར་ཡར་རྒྱས་འགྱོ་དགོ་པ་ཅིན་ མི་སེར་ཚུ་གིས་ ས་གཏེར་དང་འབྲེལ་བའི་ཚོང་འབྲེལ་ ཡང་ཅིན་ བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས་འབད་ནི་གི་ གྲོས་ཆོད་དེ་ ལོག་བསྟར་སྤྱོད་འབད་དགོ་ཟེར་ཨིན་པས།
ཚོང་པའི་འཐུས་མི་ཚུ་ ཞལ་འཛོམས་ནང་བཅའ་མར་གཏོགས་པའི་བསྒང་།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ བཙག་འཐུ་གྲུབ་མི་ འབྲུག་གི་ཚོང་དང་ བཟོ་གྲྭའི་གཙོ་འཛིན་གསརཔ་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ བསམ་རྩེ་དང་ སིབ་སུ་ སྒོམ་ཀྲུའི་ ཚོང་པའི་འཐུས་མི་ཚུ་དང་ གོམས་འདྲིས་ཞལ་འཛོམས་འཚོགས་པའི་སྐབས་ བསམ་འཆར་བཤད་ཡོདཔ་ཨིན་པས།
ས་གཏེར་གྱི་ ཚོང་འབྲེལ་ག་གིས་ཡང་ འབད་མ་ཆོགཔ་བཟོ་མི་དེ་ འཛོལ་བ་ཨིན་པས་ཟེར་ ཁོ་གིས་ བཤད་པའི་ཁར་ མི་སེར་ཚུ་གིས་ འོང་འབབ་བཟོ་ནི་གི་ འོས་འབབ་ཡོད་མི་ཚུ་ བཀག་ཆ་འབད་དེ་ བཞག་དགོཔ་ཅིག་མིན་འདུག་ཟེར་ སླབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ས་གཏེར་གྱི་ ཚོང་འབྲེལ་ བཀག་ཆ་འབད་མི་དེ་ཡང་ འབྲུག་མི་ཅིག་གིས་ ཚོང་འབྲེལ་ཆོག་ཐམ་ ལེན་ཞིནམ་ལས་ ཕྱི་མི་ཅིག་ལུ་ གླ་ཁར་སྤྲོད་དེ་ ཚོང་འབྲེལ་འཐབ་བཅུག་མི་ལུ་བརྟེན་ཨིན་ཟེར་ ཁྲོམ་སྡེའི་འཐུས་མི་ ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
ཚོང་ལཱ་དེ་ལུ་བརྟེན་ ངན་ལྷད་ཀྱི་ ལག་ལེན་མངམ་ཐོན་ཡོདཔ་མ་ཚད་ ཚོང་འབྲེལ་ཆོག་ཐམ་ཚུ་ ཕྱི་མི་ཚུ་ལུ་སྤྲོད་དེ་ ཚོང་འབྲེལ་འཐབ་མིའི་ གྱངས་ཁ་ཡར་སེང་མི་དང་བསྟུན་ རྫོང་ཁག་ཚོགས་འདུ་གིས་ དེ་བཟུམ་མའི་ ངན་ལྷད་བཀག་ཐབས་ལུ་ ཞལ་འཛོམས་ལན་ཐེངས་༥ འཚོགས་པའི་ཤུལ་ལུ་ བཀག་དམ་འབད་ཡི་ཟེར་ འཐུས་མི་ཡེ་ཤེས་ཀྱིས་ སླབ་ཨིན་པས།
གྲོས་ཆོད་དེ་ ཆ་མེད་བཏང་ཐོག་ལས་ ལོག་སྟེ་ར་ ཚོང་འབྲེལ་འཐབ་བཅུག་པ་ཅིན་ ངན་ལྷད་ཀྱི་ ལག་ལེན་ཚུ་ཡང་ མངམ་འཐོན་ནི་གི་ ཉེན་ཁ་ཡོདཔ་ཨིན་རུང་ ཁོང་གིས་ མི་སེར་ཚུ་དང་ གྲོས་བསྟུན་འབད་འོང་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་འབད་བ་ཅིན་ ས་གཏེར་ལུ་བརྟེན་ ངན་ལྷད་ཐོན་ཡོདཔ་ གོ་རྟོགས་བྱུང་ཡོད་རུང་ བསམ་རྩེ་དེ་ ས་གཏེར་གྱི་ ཚོང་འབྲེལ་དང་ བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་ནི་གི་ ས་ཁོངས་འོས་འབབ་ཡོདཔ་ལས་ མི་སེར་ཚུ་གིས་ ཐོན་སྐྱེད་ཐོབ་ཆོག་ཆོ་ཡོད་མི་ཚུ་ གཡོག་བཀོལ་ཐོག་ལས་ ཚོང་འབྲེལ་འཐབ་ནི་གི་ དུས་ཚོད་ན་འཐན་རན་ཆི་ནུག་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment