གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་གི་ མི་སེར་༥༠ གིས་ ཁྲིམས་སྤྱི་བློན་པོ་ལུ་ གསལ་ཞུ་འབད་ནི།

༡༤/༣/༢༠༡༣   ཁོང་གིས་འབད་བ་ཅིན་ ཞིབ་དཔྱད་རྐྱབ་པ་ཅིན་ རྒྱལ་པོའི་ཞིང་རྐྱངམ་གཅིག་མིན་པར་ དེ་བཟུམ་མའི་ ལག་ལེན་ཆ་མཉམ་ ཞིབ་དཔྱད་རྐྱབ་དགོ་ཟེར་ཨིན་པས།
༉ འདས་པའི་བདུན་ཕྲག་ནང་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་༢ ལུ་ བཙོན་ཁྲིམས་བཀལ་མི་དེ་ འོས་འབབ་དང་ལྡནམ་ཅིག་ མི་མཐོང་པས་ཟེར་ བཀྲིས་སྒང་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ བཤདཔ་ཨིན་པས།
རྩོད་རྙོགས་ཅན་ལུ་གྱུར་མི་ རྒྱལ་པོའི་ཞིང་ཁྲོམ་གྱི་མཐོང་སྣང་།


དེ་ཡང་ འཁྲུན་ཆོད་ལུ་བརྟེན་ བློན་པོ་༢ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་ཚོགས་ཀྱི་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིནམ་ལས་ འདི་བཟུམ་མའི་ ལག་ལེན་ཚུ་ མངའ་བདག་རྒྱལ་པོའི་ དབུ་ཁྲིད་སྐབས་ བྱུང་ཡོད་མི་ལུ་ ཞིབ་དཔྱད་རྐྱབ་ནི་དང་ རྒྱལ་པོའི་བཀའ་ཤོག་ཚུ་ལུ་ བསྐྱར་ཞིབ་འབད་ནི་གི་ འོས་འབབ་ཡོད་མེད་ཀྱི་ གསལ་ཞུ་འབད་བར་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་བ་༥༠ འབད་མི་ སྡེ་ཚན་ཅིག་ ཁ་ཙ་ བཀྲིས་སྒང་ལས་ ཐིམ་ཕུ་ལུ་ འགོ་ཡོདཔ་ད་ ཁོང་གིས་ ཁྲིམས་སྤྱི་བློན་པོ་ལུ་ བཅར་ནི་ཨིན་པས།
ཁོང་གིས་འབད་བ་ཅིན་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ཀྱིས་འབད་མི་ལཱ་དེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་སྐྱོང་འགོ་མ་བཙུགས་པའི་ཧེ་མར་ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཧེ་མ་འབད་བའི་ ལཱ་ཚུ་ལུ་ ཞིབ་དཔྱད་རྐྱབ་སྟེ་ ད་རེས་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་མི་ལུ་ བསམ་པ་མ་རྫོགས་ཟེར་ཨིན་པས།
ད་རེས་ཀྱི་ གཞུང་སྐྱོང་གི་ལཱ་དང་ ཧེ་མའི་གཞུང་སྐྱོང་གི་ལཱ་དེ་ རྩ་ལས་མི་འདྲ་ནི་ཨིནམ་མ་ཚད་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་༢ མོང་སྒར་གྱི་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཁོང་༢ ཀྱི་ལྟག་ལས་ཁྲིམས་དང་ མི་དབང་མངའ་ཞབས་མཆོག་ཡོདཔ་ལས་ དེ་བསྒང་ ཁོང་གིས་འབད་མི་ ལཱ་དེ་ འཛོལ་བ་ཡོད་པ་ཅིན་ དེ་བསྒང་ར་ ཉེས་པ་བཀལ་ཡོདཔ་འོང་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
རྒྱབ་སྐྱོར་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ གཞུང་སྐྱོང་ལམ་ལུགས་གསརཔ་ནང་ ཧེ་མ་ལས་འབད་ཡོད་མི་ ལཱ་ཚུ་ལུ་ ངལ་མ་རངས་པར་ ཉོགས་བཤད་བཀོད་ཐོག་ལས་ ཁྲིམས་གཏུགས་འབད་མི་དེ་ གནད་དོན་གཅིག་མ་གཏོགས་ གཉིས་རྩ་ལས་མེད་མི་དེ་ཡང་ མི་སྡེའི་ནང་ སྲིད་འབྲེལ་གྱི་ སྟབས་མ་བདེཝ་དང་ ཚོགས་པའི་མིང་གཏམ་མེདཔ་གཏང་ནིའི་དོན་ལུ་ མི་༡ དང་༢ ཀྱི་གཞོར་ལས་ ཕུངས་སློང་མི་དེ་ རྩ་ལས་མི་བཏུབ་ཟེར་ཨིན་པས།
དེ་མ་ཚད་ དམངས་གཙོའི་གཞུང་འགོ་མ་བཙུགས་པའི་ཧེ་མར་ དེ་བཟུམ་གྱི་ ཁྲོམ་ས་བགོ་བཀྲམ་ལ་སོགས་པའི་ ཕྱག་ལཱ་གནང་མི་དེ་ ད་ལྟོའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་༢ རྐྱངམ་གཅིག་མེན་ཟེར་ བཤད་པའི་ཁར་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཧེ་མའི་ ལཱ་འབད་ཚར་མི་ཆ་མཉམ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་མཐིལ་ཕྱིན་ཅིག་འབད་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ སླབ་ཨིན་པས།
མི་སེར་ཚུ་གིས་ ཁྲིམས་སྤྱི་བློན་པོ་ལུ་ བཅར་དགོ་མི་དེ་ཡང་ དེ་བཟུམ་མའི་ གནས་སྟངས་སྐོར་ལས་ ཞིབ་དཔྱད་འབད་ཆོག་མི་ཆོག་དང་ ཁྲིམས་མཐུན་ཡོད་མེད་ གསལ་ཞུ་འབད་ཐབས་ལུ་ཨིན་ཟེར་ རྒྱབ་སྐྱོར་པ་ཚུ་གིས་ བཤདཔ་ཨིན་པས།
འཐུས་མི་ཚུ་ ད་རིས་ ཐིམ་ཕུ་ལུ་ ལྷོད་ནི་ཨིནམ་ལས་ ནངས་པ་ ཁྲིམས་སྤྱི་བློན་པོ་ལུ་ བཅར་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment