གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བསམ་རྩེ་ལས་ མི་ངོམ་༧ པ་ཐོན་ཡོདཔ།

༡༢/༣/༢༠༡༣ ༉ སྐྱེས་ལོ་༣༢ ལང་མི་ ཁྱུང་བདུད་ཚེ་རིང་དེ་ བསམ་རྩེ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བཅའ་མར་གཏོགས་མི་ མི་ངོམ་༧ པ་ཨིནམ་བཞིན་དུ་ ཁོ་གིས་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པས།
ཁྱུང་བདུད་ཚེ་རིང་།



ཁྱུང་བདུད་ཚེ་རིང་དེ་ བསམ་རྩེ་ མེ་ཅེ་ཊཱར་འདེམས་ཁོངས་ཀྱི་ མི་ངོམ་ཨིནམ་བཞིན་དུ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་དགོ་པའི་སྐོར་ལས་ གསུང་བཤད་གནང་པའི་ཤུལ་ལུ་ ཁོ་གིས་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་ཡི་ཟེར་ཨིན་པས།
ཁྱུང་བདུད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ ཁྲིམས་ལུགས་བསྐྱར་ཞིབ་འབད་མི་ཅིག་ཨིནམ་ལས་ ག་དེམ་ཅིག་སྦེ་ སྲིད་དོན་ཚོགས་པ་ཚུ་གིས་ ཁྲིམས་བཟོ་མི་དེ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ཐབས་མེན་པ་ཅིན་ དེ་ བསྒྱུར་བཅོས་འབད་ཚུགས་ཟེར་ཨིན་པས།
བརྡ་བརྒྱུད་ལས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ འགོ་དང་པ་ ཁྱུད་བདུད་ཚེ་རིང་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༠༧ ལས་ སྤྱི་ལོ་༢༠༡༠ ཚུན་ མི་སེར་དམངས་གཙོའི་ཚོགས་པའི་ འཐུས་མི་སྦེ་ ལཱ་འབད་ཡོདཔ་ཨིན་རུང་ ཤུལ་ལས་ བརྡ་བརྒྱུད་ལས་ཁང་ནང་ འཛུལ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ སྲིད་དོན་ཚོགས་པ་ནང་ བཅའ་མར་མི་གཏོགས་ཟེར་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ཁོ་རང་ བརྡ་བརྒྱུད་ནང་ ལཱ་འབད་ནི་དེ་གིས་ སྲིད་དོན་ཚོགས་པ་ ཕུད་རྡོག་ཅིག་གིས་ཡང་ འདེམས་ངོ་འཐོན་དགོཔ་སྦེ་ མ་སླབ་ཟེར་ཨིན་པས།
ཁྱུང་བདུད་ཚེ་རིང་གིས་ འབྲུག་གནས་ཚུལ་གསར་ཤོག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་འོགམ་སྦེ་ ལཱ་འབད་ཡོདཔ་ད་ ཁོ་ར་ སེམས་རྟོགས་ཁ་ སྐད་ཡིག་དང་ལམ་སྲོལ་སློབ་སྦྱོང་སྤེལ་ཁང་ནང་ལས་ མཐར་འཁྱོལ་མི་ཅིག་ཨིན་པས།
མ་གཞི་ བསམ་རྩེ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ ལེ་ཤ་ཐོན་ཡོད་རུང་ ཁོ་རའི་ ཁ་ཐུག་ལས་ ལྷག་བསམ་རྣམ་དག་གི་སྒོ་ལས་ བཅའ་མར་གཏོགས་ཞིནམ་ལས་ དོ་འགྲན་འབད་ནི་ཨིན་ཟེར་ཨིན་པས།
ཁོ་ར་ ཕམ་སྤུན་ཆ་དང་ ཆ་རོགས་ དེ་ལས་ གཡུས་སྒོའི་མི་སེར་ཚུ་གི་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ སེམས་དགའ་ཡོདཔ་མ་ཚད་ ད་ལས་ཕར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment