གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁག་འབག་སློབ་དཔོན་ཅིག་ དབང་འདུས་ཀྱི་ འདེམས་ངོ་སྦེ་ཐོན་ཡོདཔ།

༡༢/༣/༢༠༡༣   ༉ ལོ་ངོ་༣ གྱི་རིང་ ཁག་འབག་སློབ་དཔོན་དང་ ལཱ་འབད་མི་ ལྟ་བཤལ་ལམ་སྟོན་པའི་ ཟུར་ལཱ་འབད་མི་ ཕྱག་རྡོར་རྣམ་རྒྱལ་གྱིས་ དབང་འདུས་ཕོ་བྲང་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོངས་སྡེའི་ སྡོད་ཁྲིའི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་བསྐྱེདཔ་ཨིན་པས།
ཕྱག་རྡོར་རྣམ་རྒྱལ།


དབང་འདུས་ཁྲོམ་ལས སྐྱེས་ལོ་༣༤ ལང་མི་  ཕྱག་རྡོར་རྣམ་རྒྱལ་དེ་ འདས་པའི་བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ ནུབ་ཕྱོགས་རྫོང་ཁག་འདི་ནང་ལས་ ཚོགས་སྡེའི་དོན་ལུ་ དང་འདོད་བསྐྱེད་མི་ འདེམས་ངོ་གཉིས་པ་ཨིནམ་ད་  ཁོ་གིས་ སྤྱི་ལོ་༢༠༠༨ ལུ་ རྒྱ་གར་བྱང་ཕྱོགས་བེང་གཱལ་གཙུག་ལག་མཐོ་རིམ་སློབ་གྲྭ་ནང་ལས་ ཚོང་རིག་གི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
ཁོ་གིས་ ཕོབ་སྦྱིས་ཁ་མི་སྡེ་སློབ་གྲྭ་ནང་ ཁག་འབག་གི་ སློབ་དཔོན་དང་ ལྟ་བཤལ་ལམ་སྟོན་པའི་ ལཱ་འབད་མི་ལུ་བརྟེན་ མི་སྡེ་དང་ མཐུན་ལམ་ཡོད་པའི་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་པ་ཅིན་ ཁོ་གིས་ ཚོགས་རྒྱན་དང་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ ཐོབ་ཚུགས་ག་ཟེར་ མི་སེར་ཚུ་ལུ་ དྲི་ཡི་ཟེར་ཨིན་པས།
མི་སྡེ་གིས་ཡང་ ཁོ་ ལེགས་ཤོམ་སྦེ་ ངོ་ཤེས་པའི་ཁར་ ཁོ་གི་སྐོར་ལས་ ཧ་གོ་བས་ཟེར་ བཤད་པའི་ཁར་ གལ་སྲིད་ ང་ བཙག་འཐུ་ནང་ གདམ་འཐུ་གྲུབ་པ་ཅིན་ གནད་དོན་ག་ཅིའི་སྐོར་ལས་འབད་རུང་ མི་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་གི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུའི་སྐབས་ལུ་ འདེམས་ངོ་གསརཔ་རྐྱངམ་གཅིག་ལུ་མེན་པར་ འཐུས་མི་བགྲེསཔ་ཚུ་ལུ་ཡང་ བཅའ་མར་གཏོགས་ནི་གི་ གོ་སྐབས་བྱིན་པ་ཅིན་ ཚོགས་སྡེ་གི་དོན་ལུ་ ཉམས་མྱོང་ཡོད་མི་དང་ མེད་མི་གཉིས་ཆ་ར་ འོང་ནི་གི་ ཁེ་ཕན་འདུག་ཟེར་ཨིན་པས།
ཕྱག་རྡོར་རྣམ་རྒྱལ་གྱིས་ ད་ལྟོའི་ ཚོགས་སྡེའི་འཐུས་མི་ཚུ་གིས་ ཕྱག་ལཱ་གནང་མི་ལུ་ དགའ་ཚོར་ཡོདཔ་ཨིན་རུང་ ཁོང་གིས་ ཁས་བླངས་འབད་མི་དང་འཁྲིལ་ མ་འབད་མི་ལུ་ འཛོལ་བ་ཨིནམ་སྦེ་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
ཁོ་གི་ འདེམས་ཁོངས་ནང་ རྒེད་འོག་༡༦ ཡོདཔ་ཨིན་རུང་ ཁོ་ར་ གདོང་ལེན་གི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ བཤདཔ་ཨིན་པས།
ཕྱག་རྡོར་རྣམ་རྒྱལ་གྱིས་ བདེ་སྲུང་གི་ སྦྱོང་བརྡར་ཡང་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment