གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་ཕོག་མི་ཚུ་ ཞི་གཡོག་ནང་ལས་ བཏོན་གཏང་ནི།

༡༣/༣/༢༠༡༣   ཨིན་རུང་ རྩོད་ཟླ་ཚུ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཨིན་པས།
༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མོང་སྒར་རྒྱལ་པོའི་ཞིང་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་ཁྲིམས་ཕོག་མི་ ཞི་གཡོགཔ་ཚུ་ གཡོག་ནང་ལས་ བཏོན་གཏང་འོང་ཟེར་ཨིན་པས།


དེ་ཡང་ སྤྱི་ཟླ་༣ པའི་ཚེས་༨ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༤ ལུ་ རང་སོའི་འགན་ཁུར་ཚུ་ རྣམ་དག་ཐོག་ མ་འབག་པར་ ཐོབ་ལམ་མེད་པའི་ མི་ངོ་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་རེ་བཀལ་ཡི།
འཐུས་མི་ཚུ་གི་གྲས་ལས་༢ མ་གཏོགས་ གཞན་ག་ར་ ད་ལྟོ་ ཞི་གཡོག་ནང་ ཕྱག་ཞུ་བའི་བསྒང་ཨིནམ་ད་ ལ་ལུ་ཅིག་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ ལོ་ངོ་༣༤ ལྷག་ཡོདཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞི་གཡོག་པའི་བཅའ་ཁྲིམས་༢༠༡༠ ཅན་མའི་དོན་ཚན་༨༥ པ་དང་འཁྲིལཝ་ད་ ཞི་གཡོགཔ་ག་ཨིན་རུང་ གཞུང་འབྲེལ་མིན་པའི་ འགན་ཁུར་གྲུབ་པའི་སྐབས་ ཉེས་ལས་འཐབ་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཉེས་ཕྲའི་བཙོན་ཁྲིམས་བཀལ་ཡོད་པ་ཅིན་ ཞི་གཡོག་ནང་ལས་ བཏོན་གཏང་དགོཔ་སྦེ་ཡོད་ཟེར་ཨིན་པས།
མོང་སྒར་གྱི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ རྩོད་དོན་ནང་ འབྲེལ་བ་ཡོད་མི་ ཞི་གཡོགཔ་ཚུ་ དགོངས་གྲོལ་མ་གཏང་པར་ བྱ་ཐབས་གཞན་མེདཔ་བཟུམ་སྦེ་ མཐོངམ་མས་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ དགོངས་གྲོལ་དང་གཅིག་ཁར་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ མི་འཐོབ་ཟེར་ སླབ་ཨིན་པས།
དགོངས་གྲོལ་གཏང་ནི་གི་ འོས་འབབ་ཡོད་མི་ ཞི་གཡོགཔ་ཚུ་ཡང་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ མོང་སྒར་གྱི་ རྫོང་བདག་དང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་སྦེ་སྡོདཔ་མ་ཚད་ ཚོགས་ཆུང་གི་ འཐུས་མི་ཨིནམ་ད་ དེ་ཚུ་གི་གྲངས་སུ་ རྫོང་ཁག་སོ་ནམ་འགོ་དཔོན་གོང་འོག་༢ དང་ རྫོང་ཁག་གསོ་བའི་འགོ་དཔོན་ རྫོང་ཁག་ཤེས་རིག་འགོ་དཔོན་གོང་འོག་༢ རྫོང་ཁག་བཟོ་རིག་འགོ་དཔོན་ སྒོ་ནོར་འགོ་དཔོན་ དངུལ་རྩིས་འགོ་དཔོན་ དེ་ལས་ རྫོང་ཁག་ས་ཁྲམ་འགོ་དཔོན་ཚུ་ཨིན་བས།
འཐུས་མི་༡ སྤྱི་ལོ་༡༩༩༩-༢༠༠༢ ལུ་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ རྫོང་བདག་སྦེ་བཞུགསཔ་ད་ ཚོགས་ཆུང་གི་ འཐུས་མི་དྲུང་ཆེན་ཡང་ཨིན་མི་ ཁྲོམ་སྡེ་སྒྲིང་ཁྱིམ་ལྟ་རྟོག་འགོ་དཔོན་དེ་ཨིན་པས།
ཞི་གཡོག་འགོ་དཔོན་༡ མ་གཏོགས་ གཞན་ཚུ་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནི་ཨིནམ་ད་ ཆེ་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་འགྱོ་བ་ཅིན་རྐྱངམ་གཅིག་ ཞི་གཡོག་ནང་ རང་འཇགས་ཐོག་ ཕྱག་ཞུ་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས།
ཁྲི་འཛིན་ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ འོས་འབབ་མེད་པའི་ ས་ཚན་༥ བགོ་སྤྲོད་འབད་མི་དེ་ཡང་ སྤྱི་ལོ་༢༠༠༥ ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་གཉིས་ལུ་ ས་ཆ་སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༦ ཟླཝ་༤ པའི་ནང་ མི་དབང་རྒྱལ་ཡུམ་༢ དང་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པའི་ གནས་ཚང་ ཀུན་བཟང་སྒྲོལ་མ་ལུ་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ འཁྲུན་ཆོད་དེ་ཡང་ སྤྱི་ལོ་༡༩༨༧ ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་གནང་མི་ བཀའ་ཤོག་དང་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ ཞབས་ཏོག་ལྷན་ཁག་གིས་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ ཚད་གཞི་དང་ ལམ་སྟོན་བཟོ་མི་ལས་ འགལ་ཡོད་མི་ལུ་ གཞི་བཞག་སྟེ་ གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment