གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༣ གྱི་ནང་འཁོད་ལུ་ བྱ་ནད་ཨེཆ་ཝཱན་ཨེན་ཝཱན་༡༦ ཐོན་ཡོདཔ།

༡༣/༣/༢༠༡༣ ད་ཚུན་གྱི་བར་ན་ བྱ་ནད་ལུ་བརྟེན་ བྱ་༡༠,༣༨༥ བསད་མི་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢.༡ སྤྲོད་ནུག།
༉ ཕུན་ཚོགས་གླིང་ལུ་ རྫོང་ཁག་༥ ལས་ སྒོ་ནོར་ལས་ཁུངས་དང་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ གསོ་བའི་ལྷན་ཁག་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ འཐུས་མི་ཚུ་ལུ་ བཱཌ་ཕུ་ལུ་ཟེར་མི་ བྱ་ནད་བཀག་ཐབས་ཀྱི་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཅིག་གིས་ འགྲེམ་སྟོན་ཐོག་ བྱ་ནད་ཨེཆ་ཝཱན་ཨེན་ཝཱན་ཐོབ་མི་ བྱ་བསད་ཐངས་ཀྱི་
སྦྱོང་བརྡར་བྱིན་པའི་བསྒང་།


དེ་བསྒང་ སྒོ་ནོར་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ ལས་བྱེདཔ་ཚུ་ལུ་ འགྲེམ་སྟོན་ཐོག་ལས་ བྱ་ནད་ཨེཆ་ཝཱན་ཨེན་ཝཱན་ཐོབ་མི་བྱ་ལེ་ཤ་སྦེ་ བསད་ཐངས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ད་ ལས་བྱེདཔ་ཚུ་ལུ་ བྱ་ནད་བཀག་ཐབས་ཀྱི་ ལག་ལེན་དངོས་བསྟར་གྱི་ སྦྱོང་བརྡར་བྱིན་མི་དེ་ཡང་ ས་གནས་གཞན་ཚུ་ནང་ བྱ་ནད་ཨེཆ་ཝཱན་ཨེན་ཝཱན་འཐོན་པའི་སྐབས་ ནད་གཞི་བཀག་ནི་གི་ མི་སྟོབས་ལངམ་མེདཔ་ད་ ད་རིས་ སྦྱོང་བརྡར་འབད་མི་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༠ ལས་༢༠༡༣ ཚུན་ཚོད་ བྱ་ནད་ཨེཆ་ཝཱན་ཨེན་ཝཱན་བསྡོམས་༡༦ ཐོན་ཡོད་པའི་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ བྱ་གསོ་སྐྱོང་འབད་མི་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་ས་ཡ་༢.༡ སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ དང་༢༠༡༢ ཀྱི་བར་ན་ བྱ་༡༠,༣༨༥ བསད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment