གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་གྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༢ པ་ཐོན་ཡོདཔ།

༡༥/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་རན་མི་དང་འབྲེལ་ པདྨ་དགའ་ཚལ་རྫོང་ཁག་གི་དོན་ལུ་ དང་འདོད་བསྐྱེད་མི་ འདེམས་ངོ་༢ པ་ཐོན་ཡི།
ལོ་༡ གི་རིང་ སྒེར་སྡེ་ནང་ལཱ་འབད་བའི་ ཉམས་མྱོང་ཡོད་པའི་ཁར་ དེ་གི་ཤུལ་ལས་ ཟླཝ་༦ དེ་ཅིག་ གཡུས་ཁར་སྡོད་ནི་དེ་གིས་ གཡུས་མི་ཚུ་ལས་ རྒྱབ་སྐྱོར་ཡོད་ཟེར་ སྐྱེས་ལོ་༢༨ ལང་མི་ ཤེས་རབ་རྒྱ་མཚོ་གིས་ སླབ་ཨིན་པས།

ཤེས་རབ་རྒྱ་མཚོ།


ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ དཔལ་འབྱོར་དང་ འཛམ་གླིང་རྒྱས་བཤད་ནང་ལས་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ འདེམས་ངོ་སྦེ་ མ་ཐོན་པའི་ཧེ་མར་ གཡུས་ཁའི་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ཡི་ཟེར་ ཨིན་པས།
ངང་ལམ་དྲུང་ཁག་ བདེ་ཆེན་གླིང་ལས་ཨིན་མི་ ཤེས་རབ་རྒྱ་མཚོ་གིས་ གོ་སྐབས་ལེན་མི་དེ་ གཙོ་བོ་ར་ རྒྱལ་ཁ་འཐོབ་ནིའི་དོན་ལུ་མེན་པར་ མི་དབང་རྒྱལ་པོ་མཆོག་གིས་ གསོལ་རས་བཟུམ་སྦེ་གནང་མི་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་ཏེ་ མི་སེར་ལུ་ ལམ་སྟོན་བཟང་པོ་ སྟོན་ནི་གི་དོན་ལུ་ ཨིན་ཟེར་བཤད་ཅི།
དེ་མ་ཚད་ འདེམས་ངོ་མངམ་ཐོནམ་ད་ མི་སེར་ཚུ་ལུ་ གདམ་འཐུ་འབད་ནི་གི་གོ་སྐབས་ མང་སུ་བྱིན་ཚུགས་ནི་ཨིནམ་ལས་ རྒྱལ་ཁ་འཐོབ་ནི་དེ་ ཁག་མི་ཆེ་ཟེར་ཨིན་པས།
ཁོ་གིས་ གདམ་འཐུའི་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པ་ཅིན་ རྒྱལ་ཡོངས་ལས་མིའི་གླ་ཆ་དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འོང་མི་ དེ་ལས་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཚུ་ བལྟ་འོང་ཟེར་ཨིན་པས།
དེ་ཡང་ རྫོང་ཁག་དེ་ནང་ མི་སེར་མང་ཤོས་ སོ་ནམ་པ་འབད་ནི་དེ་གིས་ དུས་ཚོད་མང་ཤོས་ར་ ཞིང་ལཱ་འབད་མི་ལུ་བརྟེན་ ཁོང་གི་དོན་ལུ་ མཐའ་དོན་བལྟ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment