གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ བརྡ་དོན་འཕྲུལ་རིག་གསརཔ།

༡༥/༣/༢༠༡༣   ༉ རྒྱལ་ཁབ་ནང་ ཧེ་མ་ལས་ར་ ལྟ་བཤལ་གྱི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ གནས་ཏེ་ཡོད་པའི་ཁར་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ ལྷག་པར་དུ་ ཡར་དྲག་གཏང་ཚུགས་པའི་ ཐབས་ལམ་ཚུ་ བཏོན་པའི་བསྒང་ར་ ཡོདཔ་ཨིན་པས།
གུ་གཱལ་གྱི་བརྡ་བརྡོན་འཕྲུལ་རིག་ འགོ་འབྱེད་འབད་བའི་བསྒང་།


དེ་ཡང་ ད་ལས་ཕར་ ཡོངས་འབྲེལ་ཞབས་ཏོག་སྤྲོད་མི་ གུ་གཱལ་གྱིས་ འབྲུག་གི་ཁྲོམ་ལམ་ཚུ་གི་སྐོར་ལས་ ས་ཁྲ་བཟོ་ཐོག་ལས་ ཡོངས་འབྲེལ་ཐོག་ལུ་ གསལ་སྟོན་འབད་ནི་ཨིནམ་བཞིན་དུ་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ ཤེས་འདོད་ཡོད་མི་ཚུ་གིས་ འབྲུག་པའི་ལམ་སྲོལ་དང་ གྲོང་གསེབ་ཀྱི་ རང་བཞིན་གནས་སྟངས་ཚུ་གི་སྐོར་ལས་ ཧ་གོ་ཚུགསཔ་ བཟོ་ནི་དེ་ཨིན་པས།
འཕྲུལ་རིག་དེ་ལུ་བརྟེན་ རྒྱལ་ཁབ་ནང་ ལྟ་བཤལ་པའི་གྱངས་ཁ་ཚུ་ ཡར་འཕར་འགྱོ་ནིའི་འོས་འབབ་ཡོདཔ་བཞིན་དུ་ འབྲུག་མི་ཚུ་ལུ་ཡང་ ཕན་ཐོགས་སྦོམ་ འབྱུང་ནི་ཨིན་པས།
ད་ལས་ཕར་ ཐིམ་ཕུ་ལས་འགོ་བཙུགས་ པར་བཏབ་འཕྲུལ་ཆས་ཚུ་ བཙུགས་ཏེ་ཡོད་མི་ གུ་གཱལ་གྱི་སྣུམ་འཁོར་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ འགྲོ་འགྲུལ་འབད་ནི་ འགོ་བཙུགས་ནི་དང་ ཁྲོམ་དང་ མི་མང་འཛོམས་སའི་ ས་གནས་ཚུ་གི་ ས་ཁྲའི་པར་ཚུ་ བཏབ་ནི་ཨིན་པས།
གུ་གཱལ་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ད་ལྟོ་ཚུན་ལུ་ རྒྱལ་ཁབ་༤༨ ནང་ གུ་གཱལ་ཁྲོམ་ལམ་གྱི་ ས་ཁྲའི་ཞབས་ཏོག་ཚུ་ ཡོངས་གྲགས་ཅན་ལུ་གྱུར་ཡོདཔ་ད་ དེ་ཡང་ སྒེར་གྱི་རང་དབང་དང་ལྡནམ་སྦེ་ བཟོ་དོ་ཡོདཔ་ཨིན་པས།
གལ་སྲིད་ ས་ཁྲ་དང་ པར་ཚུ་ནང་ མི་དང་ སྣུམ་འཁོར་ཚུ་ཚུད་པ་ཅིན་ མི་གི་གདོང་ ངོ་མ་ཤེསཔ་དང་ སྣུམ་འཁོར་གྱི་ཨང་གྲངས་ཚུ་ ལྷག་མ་ཚུགསཔ་སྦེ་ བཟོ་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ ཟད་འགྲོ་བཏང་མི་ཚུ་ མ་འོངས་ཡུན་རིང་གི་དོན་ལུ་ ཕན་ཐོགས་བྱུང་ཐབས་ལུ་ཨིནམ་ད་ ལོ་ངོ་༣ དེ་ཅིག་གི་རྒྱབ་ལས་ མཇུག་བསྡུ་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གུ་གཱལ་གྱི་ ཐོན་སྐྱེད་འཛིན་སྐྱོང་པ་ ཌི་བཱོན་ལེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་གི་ཐོག་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ འགྲུལ་བཀོད་འབད་དེ་ མཛེས་ཆ་དང་ལྡན་པའི་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ བརྡ་དོན་ཁྱབ་སྤེལ་གཏང་ནིའི་ནང་ ལཱ་འབད་ནིའི་ གོ་སྐབས་ཐོབ་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ཨིན་མི་ འཕྲུལ་རིག་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ གུ་གཱལ་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ ཁ་ཙ་ ལས་འགུལ་དེ་ འགོ་འབྱེད་འབད་བའི་སྐབས་ རྒྱལ་ཁབ་ནང་ ཡོངས་འབྲེལ་ ཨིན་ཊར་ནེཊི་ལུ་བརྟེན་ ཕན་ཁྱད་སྦོམ་སྦེ་ར་ བྱུང་ཡོད་པའི་གུ་ གུ་གཱལ་ཁྲོམ་ལམ་ས་ཁྲའི་ལས་འགུལ་ལྷོད་མི་གིས་ ལྷག་པར་དུ་ཡར་དྲག་གཏང་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་ཁྲ་དེ་གི་ཐོག་ལས་ ལྟ་བཤལཔ་ཚུ་གིས་ རྒྱལ་ཁབ་ཀྱི་སྐོར་ལས་ བརྡ་དོན་ལེ་ཤ་ཅིག་ར་ འཐོབ་ཚུགས་ནི་ཨིནམ་ལས་ ལྟ་བཤལཔ་གི་གྱངས་ཁ་ཡར་སེང་ འགྱོ་ནིའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment