གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་ནག་ཚོང་འཐབ་མི་ ཕྱི་མི་ཅིག་ འཛིན་བཟུང་འབད་ཡོདཔ།

༡༡/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༦ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྨྱོ་རྫས་ནང་འདྲེན་འབད་མི་ སྐྱེས་ལོ་༣༢ ལང་མི་ རྒྱ་གར་གྱི་ མི་ཁུངས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འཕྱོག་བཟུང་འབད་མི་ སྨྱོ་རྫས་ཚུ།


གསང་བའི་སྙན་ཞུ་འབད་མི་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཕུན་ཚོགས་གླིང་ གསང་བའི་ལམ་ཟེར་ས་ལས་ ཕོ་སྐྱེས་དེ་གིས་ ཨིསི་པེསི་མོ་ པོ་སི་བཱན་༨༤༤ ཨར་པི་སྨན་༣༧༦ ཨེན་༡༠ ཟེར་མི་༢༩༩ དེ་ལས་ ཀོ་རེསི་དམ་སྦྱིས་༤༧ འབག་ཡོདཔ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ འབག་འོང་མི་ སྨྱོ་རྫས་ཚུ་ལུ་ རིན་གོང་དངུལ་ཀྲམ་༩,༠༠༠ གནས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ དཔག་བསམ་ཁ་ལུ་སྡོད་མི་ འབྲུག་པའི་ཨམ་སྲུ་ཅིག་གི་དོན་ལུ་ འབག་འོང་འོངམ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ ཕོ་སྐྱེས་དེ་གིས་ ཨམ་སྲུ་དེ་ སྡོད་སའི་ཁ་བྱང་ཚུ་ སླབ་མ་བཏུབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་ཚུ་གིས་ ཨམ་སྲུ་དེ་ འཛིན་བཟུང་འབད་མ་ཚུགས་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ ཨམ་སྲུ་དེ་ལུ་ སྨྱོ་རྫས་བཀྲམ་སྤེལ་འབད་མི་དེ་ ཐེངས་གཉིས་པ་ཨིན་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
ཁོ་གིས་ སྨྱོ་རྫས་ཚུ་ ཆུ་ཤོག་གནགཔོ་ཅིག་ནང་ བཙུགས་ཞིནམ་ལས་ འབྲུག་པཱན་ཇབ་དངུལ་ཁང་གི་ སྦོ་ལོགས་ཁར་ སྐྱེལ་བཞག་དགོཔ་སྦེ་ཨིན་པས།
ཕོ་སྐྱེས་དེ་གིས་ སྨྱོ་རྫས་ཚུ་ རྒྱ་གར་ ཨ་ལི་པུར་དཱུར་ལས་ འབག་འོང་ཞིནམ་ལས་ འབྲུག་མི་དག་པ་ཅིག་ལུ་ བཀྲམ་སྤེལ་འབད་ནི་ ཡོད་ཟེར་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment