གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་འབད་དགོཔ།

༡༡/༣/༢༠༡༣   བཙག་འཐུ་ནང་ འདེམས་ངོ་ཚུ་ལུ་ གོ་སྐབས་འདྲ་མཉམ་བྱིན་ཐབས་ལུ་ དགོངས་ཞུ་འབད་དགོཔ་ཨིན་པས།
༉ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་བྱ་རིམ་ཚུ་གི་ ཚེས་གྲངས་གསལ་བསྒྲགས་འབདཝ་དང་འབྲེལ་ ད་ལྟོ་གོ་གནས་ཐོག་ལུ་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་ སླར་ལོག་བཙག་འཐུ་ནང་ དོ་འགྲན་འབད་ནི་གི་ དང་འདོད་ཡོད་པ་ཅིན་ ཚོགས་སྡེ་ལས་ དགོངས་ཞུ་འབད་དགོཔ་འོང་ཟེར་ཨིན་པས།


བཙགའི་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ དོ་འགྲན་འབད་མི་ག་ར་ གཅིག་མཚུངས་དང་ བཙག་འཐུའི་སྐབས་ གོ་སྐབས་ཚུ་ འདྲ་མཉམ་དང་ དྲང་བདེན་བྱུང་ཐབས་ལུ་ ད་ལྟོའི་འཐུས་མི་ཚུ་ ལོག་དོ་འགྲན་འབད་ནི་གི་ དང་འདོད་ཡོད་པ་ཅིན་ དགོངས་ཞུ་འབད་དགོ་ཟེར་ཨིན་པས།
དེ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ ཕྱག་ལཱ་ཚུ་ག་ར་ ཁྲིམས་གཞུང་དང་ ཁྲིམས་ཡིག་ཚུ་དང་འབྲེལ་བའི་ བཀའ་ཚུ་ལུ་ གནས་ཐོག་ལས་ ལག་ལེན་འཐབ་ནི་ཨིནམ་མ་ཚད་ བཙག་འཐུའི་སྐབས་ འདེམས་ངོ་ཆ་མཉམ་ལུ་ གོ་སྐབས་དང་ འོས་འབབ་ཚུ་འདྲ་མཉམ་བཟོ་ནི་དེ་ ལྷན་ཚོགས་ཀྱི་ ཕྱག་འགན་ཨིན་ཟེར་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ གནས་ཚུལ་ཞལ་འཛོམས་ནང་ གསལ་བཤད་འབད་ཡི།
མ་གཞི་ ཚོགས་སྡེའི་འཐུས་མི་མང་ཤོས་ཅིག་གིས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པའི་མཇུག་ལུ་ ད་ལྟོ་གོ་གནས་ཁར་ཡོད་མི་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་སྐོར་ལས་ དོན་འགྲེལ་གནང་ནི་གི་ རེ་བ་བསྐྱེད་ཡོདཔ་མ་ཚད་ ལ་ལུ་གིས་ དགོངས་ཞུ་འབད་མ་དགོ་པར་ གོ་གནས་ཐོག་ལུ་ ཚོགས་སྡེའི་བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོག་པའི་ བཀའ་རྒྱ་གནང་ནི་གི་ རེ་བ་བསྐྱེད་ནུག།
དེ་འབདཝ་ལས་ ད་ལྟོ་ ཁ་གསལ་ཅིག་ ག་ནི་ཡང་མེད་པའི་ཁར་ བཙག་འཐུ་ལྷན་ཚོགས་ཀྱིས་ དགོངས་ཞུ་འབད་དགོ་པའི་ མཁོ་འདོད་བཀོད་མི་ལུ་བརྟེན་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་གི་ བློ་འདོད་ཡོད་མི་ ལ་ལུ་ཅིག་ ཐག་བཅད་མ་ཚུགས་པར་ མགུ་འཐོམ་སྟེ་ སྡོད་ཡོདཔ་ཨིན་པས།
ད་ལྟོའི་འཐུས་མི་ཚུ་ གནས་ཡུན་མ་ཚངམ་ལས་ གོ་གནས་ཐོག་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་པ་ཅིན་ རང་སོའི་རྒེད་འོག་ཚུ་ནང་ འདེམས་ངོ་གདམ་འཐུའི་ འཛོམས་འདུ་ཚུ་ མཇུག་མ་བསྡུཝ་ལས་ར་ འཐོན་དགོ་མི་དེ་ཡང་ རྒེད་འོག་ཚུ་ནང་ འདེམས་ངོ་གདམ་འཐུའི་ འཛོམས་འདུ་ཚུ་ ནངས་པ་ལས་ འགོ་བཙུགས་ཏེ་ གདམ་འཐུ་གྲུབ་མི་ཚུ་ སྤྱི་ཟླ་༣ པའི་ཚེས་༣༡ གི་ནང་འཁོད་ལུ་ འདེམས་ངོའི་ཐོ་བཀོད་འབད་ཚར་དགོཔ་ཨིན་པས།
གལ་སྲིད་ དགོངས་ཞུ་འབད་མ་དགོ་པར་ བཅའ་མར་གཏོགས་ཆོག་པའི་ བཀའ་རྒྱ་གནང་སྟེ་འབད་རུང་ རྒེད་འོག་གནས་རིམ་གྱི་ འཛོམས་འདུ་ཚུ་ མཇུག་བསྡུ་ནི་ཨིནམ་ལས་ འདེམས་ངོའི་ཐོ་བཀོད་འབད་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སླར་ལོག་ཚོགས་སྡེའི་ བཙག་འཐུ་ནང་ འབྲེལ་གཏོགས་འབད་ནི་གི་ དང་འདོད་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ འཕྲལ་མགྱོགས་ར་ རང་སོའི་དང་འདོད་ཚུ་ ཐག་བཅད་མ་ཚུགས་པ་ཅིན་ གོ་སྐབས་མེདཔ་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ གལ་སྲིད་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་བ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ མི་འཐོབ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment