གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུམོ་ ལོག་ཐོབ་མི་དེ་ལུ་ ད་རིས་ འཕྲོ་མཐུད་དྲི་ཞིབ་འབད་ནི།

༦/༣/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༤ ལུ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ ཐིམ་ཕུ་འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༨ པའི་ སློབ་ཕྲུག་བུམོ་ཅིག་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ གཟི་ལུང་ཁ་ ཨ་ནེམོ་གྲྭ་ཚང་གི་ ཉེ་འདབས་ལུ་ ལྷོདཔ་ད་ ཧང་སྟོང་མར་ ཨམ་སྲུ་སྡེ་ཚན་ཅིག་གིས་ སྣུམ་འཁོར་ཧ་ཡེསི་བཱསི་ནང་ བཙུགས་ཏེ་ དབང་བཙོང་ཐོག་ལས་ ཕུན་ཚོགས་གླིང་ལུ་ བསྐྱལ་བཞག་མི་ གནད་དོན་དེ་ ད་ལྟོ་ བདེན་དཔྱད་འབད་ནིའི་དོན་ལུ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།


ཁ་ཙ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བུམོ་དེ་ལུ་ དྲི་བཀོད་འབད་བའི་སྐབས་ ལན་སླབ་མི་ཚུ་ ཧིང་སངས་ས་ཅིག་མེདཔ་ལས་ ད་ལྟོ་ ཐད་ཀར་དུ་ སླབ་མི་ཚུགས་པས་ཟེར་ སླབ་ཨིན་པས།
འགོ་དཔོན་གཞན་ཚུ་གིས་ སླབ་མིའི་ནང་ ད་རིས་ཡང་ བུམོ་དེ་ ཡིག་ཚང་ནང་ འབོ་ཞིནམ་ལས་ སློབ་གྲྭ་ནང་སྡོད་པའི་རིང་ མོ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཚུ་ ཡོད་མེད་ཀྱི་སྐོར་ལས་ དྲི་ཞིབ་འབད་ནི་ཨིན་ཟེར་ཨིནམ་ད་ སློབ་གྲྭའི་སློབ་དཔོན་ཚུ་གིས་འབད་བ་ཅིན་ མོ་ལུ་ སེམས་ཁམས་ཀྱི་ནད་གཞི་ཡོད་ཟེར་ སླབ་ཨིན་པས།
བུམོ་དེ་གི་ ཨའི་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༣ པའི་ཚེས་༤ ལུ་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ བུམོ་དེ་ ཁྲིམས་སྲུང་འགག་པའི་ བདག་འཛིན་ཐོག་ལས་ ཁྱིམ་ནང་ ལོག་ལྷོད་ཡོདཔ་ལས་ སེམས་དགའ་ཡོདཔ་མ་ཚད་ ཁ་ཙ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཞིབ་དཔྱད་འབདཝ་ད་ གནོད་སྐྱོན་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཨའི་གིས་འབད་བ་ཅིན་ བུམོ་དེ་ ག་དེ་སྦེ་ ཕུན་ཚོགས་གླིང་ལུ་ ལྷོད་ཡོདཔ་ཨིན་ན་ ཏན་ཏན་ཅིག་ སླབ་མི་ཚུགས་པས་ཟེར་ ཨིནམ་ད་ ད་ལྟོ་མོ་ར་ ན་སྟེ་ཡོད་ཟེར་ སླབ་ཨིན་པས།
ཨ་ལུའི་ཕམ་ཚུ་གིས་ སླབ་མིའི་ནང་ ད་རེས་ཀྱི་ཐད་ཁར་ སློབ་ཕྲུག་བུམོ་དེ་ ལོག་ཐོབ་ཚུགས་ནི་དེ་གིས་ སེམས་དགའ་སྟེ་འབད་རུང་ ད་ལས་ཕར་ འདི་བཟུམ་མའི་ བྱུང་རྐྱེན་ཚུ་ འབྱུང་མི་བཅུག་ནིའི་དོན་ལུ་ ཕམ་ཚུ་གིས་ རང་གི་ཨ་ལུ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོཔ་དེ་ གལ་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment