གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སི་ཀིམ་དང་ གཟིམ་སྒྲ་སྡེ་ཚན་གཉིས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ལུས་ཡོདཔ།

༦/༣/༢༠༡༣   ༉ ཐིམ་ཕུ་ལྕང་གླིང་མི་ཐང་ནང་ གཟིམ་སྒྲ་སྡེ་ཚན་དང་ སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ གཱོལ་རེ་རེ་འདྲན་འདྲ་བཙུགས་ཏེ་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ དུས་ཡུན་ཚང་རན་པའི་ རྩེད་འགྲན་མཇུག་བསྡུ་ནི་གུ་ལྷོདཔ་ད་ རྩེད་འགྲན་འབད་མི་དང་ ལྟདམོ་ལྟ་མི་ཚུ་ ལུ་ སྤྲོ་བ་སྦོམ་བྱུང་ཡོདཔ་ཨིན་པས།
གཟིམ་སྒྲ་སྡེ་ཚན་གྱིས་ སི་ཀིམ་ལུ་ གཱོལ་བཙུགས་པའི་བསྒང་།


དེ་ཡང་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ལིག་ནང་ལས་ ཨང་༤ པ་ཐོན་མི་ གཟིམ་སྒྲ་སྡེ་ཚན་གྱིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ རིག་རྩལ་དང་ ཉམས་མྱོང་ལེགས་ཤོམ་ཐོབ་ཅི་ཟེར་ སི་ཀིམ་ཡུ་ནའེ་ཊེཌ་གི་ སློབ་དཔོན་ཅིག་གིས་ བཤདཔ་ཨིན་པས།
རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་ཚུན་ སྡེ་ཚན་གཉིས་ཆ་ར་གིས་ གཱོལ་བཙུགས་མ་ཚུགསཔ་ལས་ ལྟདམོ་ལྟ་མི་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོད་རུང་ མི་མེདཔ་བཟུམ་སྦེ་ ཁུ་སིམ་སིམ་སྦེ་ སྡོད་ས་མཐོངམ་ཨིན་པས།
ཨིན་རུང་ བར་མཚམས་ལས་ ལོག་རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༦༠ ལུ་ གཟིམ་སྒྲ་སྡེ་ཚན་ལུ་ བྱང་ཕྱད་སྡེ་ཚན་གྱིས་ པེ་ནཱལ་ཊི་རྐྱབ་ནིའི་གོ་སྐབས་ཐོབ་ཡོད་རུང་ བཱོལ་དེ་ གཱོལ་བཟུང་མི་གིས་ བཏང་མ་བཏུབ་ལས་ ལྟདམོ་ལྟ་མི་ཚུ་གིས་ ངལ་རངས་དང་ཡིད་ཆེས་ཀྱི་ བསྟོད་པ་རྐྱབ་ཅི།
སྡེ་ཚན་གཉིས་ཀྱི་བར་ན་ སྤྲོ་བ་ཆེ་ཤོས་ར་ དུས་ཡུན་སྐར་མ་༧༠ ལང་པའི་ཤུལ་ལུ་ སི་ཀིམ་གྱི་རྩེད་འགྲན་འབད་མི་ཚུ་གིས་ གཱོལ་བཙུགས་ནི་ལུ་ རྩ་འགེངས་རུང་ གཟིམ་སྒྲ་སྡེ་ཚན་གྱིས་ བཏང་མ་བཏུབ་ལས་ རིག་རྩལ་དང་ མཁས་མཆོག་ཚུ་ ཅོག་ར་ཐདཔ་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ སྤྲོ་བ་ཐེབས་ར་བྱུང་ཡི།
དུས་ཡུན་སྐར་མ་༧༧ ལུ་ གཟིམ་སྒྲ་སྡེ་ཚན་ལས་ ངག་དབང་དོན་གྲུབ་ཀྱིས་ གཱོལ་གཅིག་བཙུགས་ཡོདཔ་ད་ སྐར་མ་༨༣ ལུ་ སི་ཀིམ་སྡེ་ཚན་གྱིས་ ཡང་ གཱོལ་བཙུགས་ཏེ་ འདྲན་འདྲ་བཟོ་ཡོདཔ་ཨིན།
གཟིམ་སྒྲ་སྡེ་ཚན་གྱི་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་ཡོདཔ་ལས་ ངལ་རངས་དགོཔ་བྱུང་བའི་ཁར་ སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་དེ་ རྒྱ་གར་རྒྱལ་ཁབ་ཀྱི་ སྡེ་ཚན་ཚུ་གི་གྲས་ལས་ དྲག་ཤོས་ཨིནམ་ལས་ གཟིམ་སྒྲ་སྡེ་ཚན་ཕམ་འོང་ཟེར་ མནོ་ཡི་ཟེར་ཨིན་པས།
གཟིམ་སྒྲ་སྡེ་ཚན་གྱིས་ དོ་འགྲན་འབད་ཐངས་ལུ་ ལྟ་བ་ཅིན་ འབྲུག་པའི་སྡེ་ཚན་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་རྒྱས་ སོང་ནུག་ཟེར་ཨིན་པས།
སི་ཀིམ་ཡུ་ནའི་ཊེཌ་སྡེ་ཚན་གྱི་ རྩེད་འགྲན་པ་ བའེ་ཆུང་བུ་ཊེ་ཡ་དེ་ ད་རིས་ ཆུ་ཚོད་༡༡ ལུ་ སྤ་རོ་གནམ་ཐང་ནང་ ལྷོད་ནི་དང་འབྲེལ་ ཕྱི་རུའི་ ཆུ་ཚོད་༥ ལུ་ སི་ཀིམ་སྡེ་ཚན་གྱིས་ འབྲུག་རྒྱལ་ཡོངས་ལིག་ལས་ དྲག་ཤོས་ཐོན་མི་ ཡིད་འཛིན་སྡེ་ཚན་དང་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment