གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཁ་ཐུག་ལུ་ ཉེན་སྲུང་ཐབས་ལམ་ཚུ་ སྒྲིང་སྒྲིང་གཏོན་ནི།

༥/༣/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ས་མཚམས་ཀྱི་ས་གནས་ཚུ་ནང་ བཙན་ཁྲིད་འབད་བའི་ བྱུང་རྐྱེན་ཚར་༣ དེ་ཅིག་ ཐོན་པའི་ཤུལ་ལུ་ ནང་སྲིད་ལྷན་ཁག་གིས་ ཉེན་སྲུང་གི་ཐབས་ལམ་ཚུ་ སྒྲིང་སྒྲིང་སྦེ་ བཏོན་ནི་འགོ་བཙུགས་ཡོདཔ་ཨིན་པས།


ནང་སྲིད་ལྷན་ཁག་གིས་ རྒྱལ་ཁབ་ཀྱི་ ཉེན་སྲུང་དོན་ལུ་ ཞལ་འཛོམས་མང་རབས་ཅིག་ འཚོགས་ཡོདཔ་མ་ཚད་ སྤྱི་ཟླ་༡ པའི་ཚེས་༢༩ ལུ་ ས་མཚམས་འཛིན་སྐྱོང་དང་ ཉེན་སྲུང་གི་ཞལ་འཛོམས་ཐེངས་༨ པ་ འཚོགས་ཡོདཔ་ཨིན་པས།
ས་གནས་ནང་ སྡོད་མི་ཚུ་གིས་འབད་བ་ཅིན་ སྲུང་སྐྱོབ་ཀྱི་ ཞལ་འཛོམས་འཚོགས་མི་དེ་གིས་ བྱ་ངན་འབད་ནི་ལས་ བཀག་ཐབས་འབད་ཚུགས་པས་ཟེར་བའི་ དྲི་བ་ཚུ་ཡང་ བཀོད་ཡོདཔ་ཨིན་པས།
ཨིན་རུང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསར་སྤར་རྫོང་ཁག་ནང་ དམག་མི་ཐེབས་བཙུགས་ཡོདཔ་མ་ཚད་ ཁྲོམ་ཁར་ ས་སྲུང་དམག་སྒར་ཅིག་ཡང་ བཟོ་སྐྲུན་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
ས་མཚམས་འཛིན་སྐྱོང་དང་ ཉེན་སྲུང་ཞལ་འཛོམས་ཐེངས་༨ པ་ འཚོགས་པའི་སྐབས་ལུ་ རྒྱ་གར་གཞུང་གིས་ ས་མཚམས་ཀྱི་ས་གནས་ཚུ་ནང་ སྲུང་སྐྱོབ་འབད་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ འབྲུག་གཞུང་གིས་ གྲོས་འཆར་བཀོད་དོ་བཟུམ་སྦེ་ འབྲུག་པའི་དམག་མི་ཚུ་ལུ་ སྦྱོང་བརྡར་ཡར་སེང་འབད་དེ་ བྱིན་ནི་ཨིན་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ནང་སྲིད་བློན་པོ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་ དེ་ལས་ ལྷན་ཁག་གི་འགོ་དཔོན་ཚུ་གིས་ གསར་སྤང་ལུ་ སོང་ཞིནམ་ལས་ མི་གྲངས་༡,༠༠༠ ལྷགཔ་ཅིག་དང་ འབྲེལ་བ་འཐབ་སྟེ་ གྲ་སྒྲིག་འབད་དགོ་པའི་སྐོར་ལས་ གྲོས་བསྟུན་འབད་ནི་དེ་གིས་ གནས་སྟངས་ལེགས་ཤོམ་སོང་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ དམག་མི་ཧེང་བཀལ་བཙུགས་ཅི་ཟེར་ སླབ་ནི་དེ་གིས་ ས་གནས་ཀྱི་ མི་སེར་ཚུ་ སེམས་དགའ་ནུག་ཟེར་ ནང་སྲིན་བློན་པོ་གིས་ བཤདཔ་ཨིན་པས།
ལོ་བསྟར་བཞིན་དུ་ ས་མཚམས་ཉེན་སྲུང་གི་དོན་ལུ་ འབྲེལ་ཡོད་འགོ་དཔོན་ དཔེ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་དང་ ཕྱི་མི་ནང་སྐྱོད་འགོ་དཔོན་ རྫོང་བདག་ཚུ་དང་གཅིག་ཁར་ ཞལ་འཛོམས་ཐེངས་༣ དེ་ཅིག་ འཚོགས་དོ་ཡོདཔ་ཨིན་པས།
ན་ཧིང་ བཙན་ཁྲིད་ནང་འབྲེལ་བ་ཡོད་པའི་ མི་ངན་ཚུ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཁོང་ལུ་ དྲི་དཔྱད་འབདཝ་ད་ ཁོང་ཆ་ཁྱབ་ ཧེ་མ་ལས་ འབྲེལ་བ་འཐབ་ཡོདཔ་བཞིན་དུ་ ཤུལ་ལས་ སྟབས་མ་བདེཝ་ཐོན་ཏེ་ བཙན་ཁྲིད་འབད་འབདཝ་ཨིན་ཟེར་ བཤདཔ་མས་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་གིས་ ད་ལས་ཕར་ ས་མཚམས་ཁར་སྡོད་མི་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནིའི་དོན་ལུ་ ཉེན་སྲུང་ཐབས་ལམ་ཚུ་ གང་དྲག་གཏོན་ནི་ཨིན་ཟེར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment