གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་མེད་རུང་ རྒེད་འོག་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་མངམ་ཐོན་ཡོདཔ།

༡༥/༣/༢༠༡༣   ༉ འཕྲལ་མགྱོགས་ར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་རན་མི་དང་བསྟུན་ ད་རེས་ནངས་པ་ རྫོང་ཁག་ཚུ་ནང་ ཚོགས་སྡེའི་འདེམས་ངོ་ གདམ་འཐུ་འབད་ནིའི་དོན་ལུ་ རྒེད་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ འདས་པའི་ཉིན་གྲངས་༢ ཀྱི་རིང་ལུ་ མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ ཡོད་མི་ལས་ རྒེད་འོག་༦ ནང་ འཛོམས་འདུ་ འགོ་འདྲེན་འཐབ་ཚར་ནུག།



དེ་ཡང་ དང་པ་ར་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ན་རང་དང་ དགྲ་མེད་རྩེ་ བ་ལམ་ སྔ་ཚང་ ཐང་རོང་ རྒེད་འོག་༥ འི་ནང་ འགོ་འདྲེན་འཐབ་ཡོདཔ་ད་ ཁ་ཙ་ ཤེལ་རི་མུ་ཧུང་རྒེད་འོག་འཛོམས་འདུ་ནང་ བཅའ་མར་གཏོགས་མི་ མང་ཤོས་ར་ ཨམ་སྲུ་ཚུ་འོང་ཡོདཔ་ཨིན་པས།
ཨམ་སྲུ་ཚུ་གི་གྲས་ལས་ མུ་ཧུང་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ བདེ་ཆེན་ཆོས་སྒྲོན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་རེས་ནངས་པ་ སོ་ནམ་གྱི་ ལཱ་འགོ་བཙུགས་ཡོད་ནི་དེ་གིས་ མོ་རའི་རྨགཔ་དེ་ ལཱ་སར་སོང་ཡོདཔ་ལས་ མོ་རའི་ཨ་ལུ་ ཟླཝ་༨ ལང་མི་དེ་ ཁྱིམ་ནང་བཀོ་བཞག་སྟེ་ འཛོམས་འདུ་ནང་ འོང་མི་དེ་ཡང་ འཛོམས་འདུ་ག་ཅི་བཟུམ་ཡོད་རུང་ ལྷོད་མ་ཚུགས་པ་ཅིན་ ཆད་དངུལ་ཀྲམ་༡༠༠ རེ་ སྤྲོད་དགོ་ཟེར་ སླབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
བཙག་འཐུའི་འཛོམས་འདུ་ནང་ བཅའ་མར་གཏོགས་མ་ཚུགས་པ་ཅིན་ རང་གི་འགོ་ཁྲིདཔ་དེ་ ག་ཅི་བཟུམ་འོང་ནི་ཨིན་ན་དང་ བཙག་འཐུ་འབད་ནི་ལུ་ ལཱ་ཁག་གཏང་ནི་ཨིནམ་ལས་ གདམ་འཐུ་ལེགས་ཤོམ་ རྐྱབ་ཚུགས་ནིའི་དོན་ལུ་ འཛོམས་འདུའི་ནང་ བཅའ་མར་གཏོགས་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ བདེ་ཆེན་ཆོས་སྒྲོན་གྱིས་ སླབ་ཨིན་པས།
ཨིན་རུང་ ཤེལ་རི་མུ་ཧུང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་མེད་མི་ལུ་བརྟེན་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ འཛོམས་འདུའི་ནང་ བཅའ་མར་གཏོགས་མི་ མི་སེར་༣༠༠ ལྷགཔ་ཅིག་ལས་ གདམ་ངོ་མེད་པའི་ ལག་རྗེས་ཚུ་ ལེན་ཡོདཔ་ཨིན།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་རའི་ རྒེད་འོག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་ ལྕོགས་གྲུབ་ཅན་གྱི་ མི་ངོ་ཚུ་ཡོད་རུང་ ཁོང་གིས་ གོ་སྐབས་ལེན་མི་བཏུབ་པས་ཟེར་ཨིན་པས།
སྐྱེས་ལོ་༦༦ ལང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ ཁོང་གི་ གཡུས་ཁ་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་མི་ མ་འཐོན་རུང་ ཁོང་གིས་ ཚོགས་རྒྱན་དེ་ རང་མོས་རྣམ་དག་ཐོག་ལུ་ འདེམས་ངོ་ག་ཅི་བཟུམ་ཅིག་གིས་ ཁོང་ལུ་ ཕན་ཐོགས་ནི་ཨིན་ན་ ལྟ་ཞིནམ་ལས་ ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༢༡ ལང་མི་ ཚེ་དབང་གིས་ སྤྱི་ལོ་༢༠༠༨ ལུ་ ཚོགས་རྒྱན་བཙུགས་ནི་གི་ ལོ་གྲངས་མ་ལང་ནི་དེ་གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་མ་ཚུགས་རུང་ དུས་ཅི་ མོ་གིས་ ཚོགས་རྒྱན་བསྐྱུར་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ལས་ འཁོར་ལམ་དང་ འཐུང་ཆུ་ ཞིང་ཆུའི་དཀའ་ངལ་བསལ་ནི་ལུ་ ལྕོགས་གྲུབ་ཡོད་མི་ འདེམས་ངོ་ལུ་ ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།
ད་རིས་ རྒྱལ་ཡོངས་ཚོགས་སྡེའི་ འཛོམས་འདུ་དེ་ མོང་སྒར་དང་ འབྲས་སྤུངས་རྒེད་འོག་༢ ནང་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment