གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་དོ་འགྲན་ཅན་ཅིག་གྲ་སྒྲིག།

༡༥/༣/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པ་གིས་ བྱང་ཐིམ་ཕུའི་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ ཚོགས་པ་དེ་གི་ འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནིའི་དོན་ལུ་ སྐྱེས་ལོ་༤༧ ལང་མི་ ཕོ་སྐྱེས་དེ་ གདམ་འཐུ་འབད་ཡོདཔ་ད་ སྲིད་ཚོགས་གཞན་༤ གི་ འདེམས་ངོ་ཨམ་སྲུ་༤ བཏོན་ཡོད་མིའི་གྲས་ལས་ ཕོ་སྐྱེས་ཁོ་ར་རྐྱངམ་གཅིག་ཨིན་པས།
ཀུན་དགའ་ཚེ་རིང།


དེ་ཡང་ འབྲུག་རྒྱུ་ནོར་གཞི་བཟུང་ལས་ཚོགས་ ཨིན་ཕ་ར་གི་ བཀོད་ཁྱབ་གཙོ་འཛིན་ ཀུན་དགའ་ཚེ་རིང་གིས་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ སྲིད་དོན་ནང་ འཛུལ་ནི་གི་ སྤྲོ་བ་ཡོད་ལུགས་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྲིད་ཚོགས་ཡང་ འབྲུག་ཕུན་སུམ་ཚོགས་པ་ གདམ་ཁ་རྐྱབ་ནུག།
འཕྲུལ་རིག་དང་ འཛིན་སྐྱོང་གི་ རྒྱབ་རྟེན་ཤེས་ཡོན་ཡོད་མི་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་དག་པ་ཅིག་གིས་ ཁོ་འབད་སར་འོང་སྟེ་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ ཕྱི་འབྲེལ་བློན་པོ་ ཨྱོན་ཚེ་རིང་གིས་འབད་མི་ལཱ་དང་ ལཱ་འབད་དགོཔ་ཡོད་མི་ཚུ་ ཁོ་གིས་ འཕྲོ་མཐུད་འབད་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གི་ གནས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ཚང་པའི་ཤུལ་ལུ་ ཁོ་གིས་ སྲིད་ཚོགས་དེ་ནང་ འཛུལ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བློན་པོ་ཨྱོན་ཚེ་རིང་དང་ ཞལ་མཇལ་གསུང་ཐོས་ནིའི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ ཁོ་གི་ཚབ་སྦེ་ འདེམས་ངོ་འཐོན་ནིའི་དོན་ལུ་ རྒྱབ་སྣོན་དང་ གནང་བ་ཐོབ་ཅི་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་གིས་ གཞུང་དང་ ལས་འཛིན་གཉིས་ཆ་རའི་ནང་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་རིང་ ལཱ་འབད་བའི་ ཉམས་མྱོང་ཐོབ་མི་ལུ་བརྟེན་ ད་རིས་བཟུམ་མའི་ དུས་ཚོད་ནང་ སྲིད་དོན་པ་སྦེ་ འཛུལ་ནི་གི་ འོས་འབབ་ཡོད་ཟེར་ཨིན་པས།
ཁོ་གིས་ ཕཱུལ་བ་རེཊ་སློབ་གཉེར་གྲོགས་རམ་ཐོག་ལས་ ཡུ་ཨེསི་ཨེ་ ཀཱན་སཱསི་གཙུག་ལག་སློབ་སྡེ་ལས་ འཕྲུལ་ལས་བཟོ་རིག་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་མ་ཚད་ ཀ་ལི་ཕོར་ནི་ཡ་ པོ་པར་ཌ་ཡིན་གཙུག་ལག་སློབ་སྡེ་ལས་ ཚོང་རིག་བདག་སྐྱོང་དང་ འཁོན་འདུམ་རྩོད་འགྲིགས་ནང་ མཐོ་རིམ་གོང་མའི་ སློབ་སྦྱོང་འབད་ནུག།
ཀུན་དགའ་ཚེ་རིང་དེ་ འབྲུག་རྒྱུ་ནོར་གཞི་བཟུང་ནང་ འཛུལ་ཞུགས་མ་འབད་བའི་ཧེ་མར་ འབྲུག་གི་དངུལ་ཁང་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ཞབས་ཏོག་ཚུ་དང་ བི་ཟ་དང་ མཱསི་ཊར་ཀཱཌ་གི་ ཞབས་ཏོག་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སངས་རྒྱས་བཟང་མོ་དང་ སྤྱིར་དབང་ཚོགས་པའི་འདེམས་ངོ་ ལི་ལི་དབང་ཕྱུག་ མི་སེར་དམངས་གཙོའི་ཚོགས་པའི་འདེམས་ངོ་ སངས་རྒྱས་མཚོ་སྐྱིད་ འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཚེ་དབང་བཀྲིས་ཚུ་དང་ དོ་འགྲན་འབད་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment