གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞལམ་སྒང་ལས་ ཚོགས་སྡེའི་འདེམས་ངོ་༤ པ་ཐོན་ཡོདཔ།

༡༤/༣/༢༠༡༣   ༉ གཞལམ་སྒང་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ འདེམས་ངོ་སྦེ་བཅའ་མར་གཏོགས་མི་༤ ཡོད་ས་ལས་ གཅིགཔོ་དེ་ སྐྱེས་ལོ་༢༨ ལང་མི་ ཡེ་ཤེས་མཚོ་མོ་ཨིན་པས།
ཡེ་ཤེས་མཚོ་མོ་ མོ་རང་ གཞལམ་སྒང་ ངང་ལ་རྒེད་འོག་ལས་ཨིནམ་བཞིན་དུ་ མོ་གིས་ ནུབ་བེང་གཱལ་ གཙུག་ལག་སློབ་སྡེ་ནང་ལས་ སྤྱི་ལོ་༢༠༠༩ ལུ་ ཚོང་འབྲེལ་བདག་སྐྱོང་ནང་ གཙུག་ལག་གཞི་རིམ་ཤེས་ཡོན་ མཐར་འཁྱོལ་ཡོདཔ་ཨིན་པས།

ཡེ་ཤེས་མཚོ་མོ།


མོ་གིས་ གཙུག་ལག་གཞི་རིམ་མཐར་འཁྱོལ་བའི་ཤུལ་ལུ་ གཞལམ་སྒང་རྫོང་ཁག་ནང་ ཁག་འབགཔ་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ སྒེར་གྱི་ ཚོང་ལཱ་འབད་མི་ཡང་ ཨིན་པས།
མོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནིའི་ སེམས་ཐག་བཅད་དགོ་མི་དེ་ཡང་ ད་རེས་ནངས་པ་ སྤྱི་ཚོགས་དང་ གཞན་མིའི་ལས་རིམ་ཚུ་ནང་ ཨམ་སྲུ་བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མེད་ནི་དེ་གི་ཨིནམ་མ་ཚད་ མོ་གིས་ ན་གཞོན་བུམོ་ཚུ་ལུ་ དཔེ་སྟོན་གསལ་སྟོན་འབད་ནི་ཟེར་ཨིན་པས།
མོ་རའི་ཕམ་སྤུན་ཆ་དང་ཆ་རོགས་ དེ་ལས་ གཡུས་ཁའི་མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ སེམས་ཤུགས་ཐེབས་ཅིག་ར་ བསྐྱེད་ཅི་ཟེར་ཨིན་པས།
ཡེ་ཤེས་མཚོ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་གི་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ཨམ་སྲུ་ཡོད་དེ་འབད་རུང་ འགོ་དཔོན་གྱི་ས་ཁོངས་ནང་ ཨམ་སྲུ་འབྲེལ་གཏོགས་འབད་མི་ ཉུང་སུ་ཅིག་ལས་མིན་འདུག་ཟེར་ཨིན་པས།
མོ་གིས་ གལ་སྲིད་ག་དེམ་ཅིག་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཙག་འཐུ་འགྲུབ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ གྲོང་གསེབ་གཡུས་སྒོ་ནང་ལས་ ཁྲོམ་ཁར་ སྤོ་བཤུད་འབད་ནི་ཚུ་ མར་ཕབ་འབད་ཐབས་ལུ་ ལཱ་འབད་ནི་ཨིནམ་མ་ཚད་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སེལ་ནི་ལུ་ དམིགས་གཏད་བསྐྱེད་ནི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ཡར་རྒྱས་དང་བསྟུན་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ དཀལ་ངལ་ཐོན་མི་དེ་ཡང་ གཙོ་བོ་ར་ གྲོང་གསེབ་གཡུས་ཚན་ལས་ ཁྲོམ་ཁར་ གནས་སྤོ་འོང་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
མོ་གིས་ གཡུས་སྒོའི་ནང་ལས་ རྒྱབ་སྐྱོར་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་མ་ཚད་ རྒེད་འོག་ཚུ་ནང་ལས་ཡང་ རྒྱབ་སྐྱོར་འཐོབ་འོང་མནོ་བའི་རེ་བ་ བསྐྱེད་དོ་ཟེར་ཨིན་པས།
མོ་གིས་ རྩ་བ་གསུམ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ནི་ཟེར་ཨིནམ་མ་ཚད་ དམིགས་བསལ་དུ་ ཨམ་སྲུའི་ ངོ་ཚབ་སྦེ་ ཕྱག་ཞུ་ནི་ལུ་ཁས་བླངས་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment