གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༤༦ ཆ་མེད་བཏང་ཡོདཔ།

༢༣/༤/༢༠༡༣   ༉ ཁ་ཙ་ སྤ་རོ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༢༢ ཚུན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་བསྡོམས་༨༡༦ ལྷོད་མིའི་གྲས་ལས་༡༤༦ ཆ་མེད་བཏང་ཡོདཔ་ཨིན་པས།
ཁ་ཙ་ བཙག་འཐུ་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ལི་ཕ་ ཀ་པ་དེ་ ཁ་ཕྱེས་ཡོདཔ་ད་ ལི་ཕ་ཀ་པའི་ནང་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་ཚུ་ ཡོདཔ་ཨིན་པས།



སྤ་རོ་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ འཆི་མེད་རྡོ་རྗེ་གིས་ བཤད་མི་དང་འཁྲིལཝ་ད་ ངོ་སྤྲོད་གསལ་སྟོན་ལག་ཁྱེར་ཚུ་ ཆ་མེད་བཏང་དགོ་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་ རང་སོའི་ ངོ་སྤྲོད་ལག་ཁྱེར་གྱི་ཨང་གྲངས་ཚུ་ ཚངམ་སྦེ་ མ་བྲིས་མི་དང་ ལ་ལུ་ཅིག་གིས་བྲིས་རུང་ འཛོལ་བྲིས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་མ་ཚད་ ཚོགས་རྒྱན་གྱི་དཔང་པོ་དེ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ འོང་དགོཔ་ཨིན་རུང་ ལ་ལུ་ཅིག་གིས་ དཔང་པོ་བཙུགས་མི་ཚུ་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ མེནམ་ལས་བརྟེན་ ཆ་མེད་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་ འཆི་མེད་ཀྱིས་འབད་བ་ཅིན་ ད་རིས་ ཡིག་ཤུབས་ལི་ཕ་ ཁ་པ་དེ་ ཁ་ཕྱེ་བའི་སྐབས་ལུ་ཡང་ ཆ་མེད་འགྱོ་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
དེ་ཡང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྟགས་བཀལ་དགོ་སར་ མེན་པའི་རྟགས་བཀལ་ནི་དང་ རྟགས་ཕུད་རྡོག་༡ ལས་བརྒལ་༢ དང་༣ རྐྱབ་མི་ཚུ་ཡང་ ཆ་མེད་འགྱོ་འོང་ཟེར་ཨིན་པས།
དེ་ལས་ འབྲི་ཤོག་ཕོམ་གུ་ གནག་རྩི་ཚུ་ ཕར་ཚུར་གཏོར་ཡོད་པ་ཅིན་ དེ་ཚུ་ཡང་ ཆ་མེད་གཏངམ་ཨིན་ཟེར་ཨིན་པས།
སྤ་རོ་བཙག་འཐུ་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་༡༤༦ ཆ་མེད་བཏང་མི་ཚུ་ ལོག་མི་ངོ་སྦེ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་འོང་རུང་ ཚོགས་རྒྱན་བཙུགས་མི་ཆོག་ཟེར་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཆ་མེད་བཏང་མི་ཚུ་ ཚོགས་རྒྱན་བཙུགས་མ་ཆོག་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མིའི་ཐོ་ནང་ ཚོགས་རྒྱན་བཙུགས་ཚརཝ་སྦེ་ གསལ་སྟོན་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཨིན་རུང་ ཡིག་ཤུབས་ལི་ཕ་ ཁ་པ་དེ་ ད་རིས་ ཁ་ཕྱེ་ནི་ཨིན་པའི་གནས་ཚུལ།

སྤ་རོ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment