གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་ཁྲོམ་སྡེ་ རྙིངམ་ཅིག་ཨིན་རུང་ ཡར་དྲག་མ་འགྱོ་བའི་མངོན་གསལ།

༢༩/༤/༢༠༡༣   ༉ ད་རེས་ནངས་པ་ བསམ་རྩེ་ཁྲོམ་ཁར་ སྒྲིང་ཁྱིམ་གསརཔ་ དག་པ་རེ་ བཟོ་སྐྲུན་འབད་དོ་ཡོད་པའི་ཁར་ མི་རློབས་དུམ་གྲ་རེ་ ཡར་སེང་འགྱོ་ཡོདཔ་མ་གཏོགས་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ མཐོང་གསལ་བྱུང་མི་ ཁྲོམ་རྙིངམ་གི་ གནས་སྟངས་བཟུམ་སྦེ་ར་ཡོད་ཟེར་ ས་གནས་ནང་སྡོད་མི་ རྒ་ཤོས་ཚུ་གིས་ སླབ་ཨིན་པས།
ངོ་ལོ་བཅུ་ཕྲག་ལས་བཅད་དེ་ ཡར་དྲག་འགྱོ་མ་ཚུགས་པའི་ བསམ་རྩེ་ཁྲོམ།


ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཁྲོམ་གྱི་ས་ཁོངས་ནང་ སྒྲིང་ཁྱིམ་གསརཔ་དག་པ་རེ་ བཟོ་སྐྲུན་འབད་ཡོད་མི་དེ་གིས་ མ་འདྲཝ་དུམ་གྲ་ཅིན་ མཐོངམ་མ་གཏོགས་ ཁྲོམ་ཁའི་ཚོང་ཁང་ཚུ་ ཧེ་མ་བཟུམ་ཅིག་སྦེ་ར་ ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ གཞན་དལ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ ཁྲོམ་རྙིངམ་བསྡུ་གཏང་ཞིནམ་ལས་ ཁྲོམ་གསར་པའི་ནང་ སྤོ་བཤུད་འབད་ནི་གི་ དུས་ཚོད་རན་ཆི་ཡི་ཟེར་ཨིན་པས།
སྒོར་སྒོརམ་སྦེ་ཡོད་མི་ བསམ་རྩེ་ཁྲོམ་གྱི་ ས་ཁོངས་ནང་ མི་དག་པ་ཅིག་གིས་ ཡར་མར་འགྱོ་སྡོད་པའི་ཁར་ གླ་འཁོར་དེད་གཡོགཔ་ཚུ་གིས་ འགྲུལ་པ་ཚུ་ འཚོལ་སྡོད་དོ་ཡོདཔ་ཨིན་རུང་ ཁྲོམ་གཞན་ཁར་བཟུམ་སྦེ་ མི་ཚུ་འུར་ཟིང་འཐབ་སྟེ་ འོང་ནི་མེདཔ་ཨིན་པས།
བསམ་རྩེ་ཁྲོམ་ཁར་ མི་མང་འུར་བྱེལ་འཐབ་པའི་ དུས་ཚོད་དེ་ རེས་གཟའ་ཟླ་བ་ལུ་ རྐྱངམ་གཅིག་ཨིན་པས།
ཁྲོམ་སྡེའི་འཐུས་མི་ ཡེ་ཤེས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་ཡར་དྲག་གཏང་ནིའི་ དུས་ཚོན་རན་ཡོད་པའི་སྐོར་ལས་ རྫོང་ཁག་གིས་ ཞལ་འཛོམས་འཚོགས་མི་ཚུ་ནང་ གསལ་ཞུ་འབདཝ་འབད་སར་ ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཁྲོམ་སྡེ་གིས་ ཁོང་ལུ་ ཨ་རྟག་ར་ གཞུང་ལས་གནང་བ་འགྲུབ་ནི་ལུ་ སྒུག་དོ་ཡོད་པའི་ཁར་ བཟོ་སྐྲུན་གོང་འཕེལ་དེ་ འཕྲལ་མགྱོགས་ར་ འགྱོ་འོང་ཟེར་ སླབ་སྟེ་ར་ སྡོདཔ་མས་ཟེར་ ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་འབྲེལ་ཡར་དྲག་མ་འགྱོ་མི་དེ་ཡང་ རྒྱ་བསྐྱེད་འབད་ནིའི་ ས་ཁོངས་མེད་མི་ལུ་བརྟེན་ཏེ་ ཨིནམ་མ་ཚད་ སྡོད་ཁྱིམ་ཚུ་ཡང་ ཚད་གཅིག་ལས་བརྒལ་མེད་མི་ལུ་བརྟེན་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཐོནམ་ཐོན་སར་ སྡོདཔ་མས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ རྡོ་རྗེ་གཡུ་སྒྲོན་གྱིས་ བཤད་མི་དང་འཁྲིལཝ་ད་ མོ་ར་ བསམ་རྩེ་ཁྲོམ་ཁར་ སྤྱི་ལོ་༢༠༠༦ ལུ་ ལྷོད་ཡོདཔ་ཨིན་རུང་ ད་ལྟོ་ཡང་ མི་དང་ སྣུམ་འཁོར་དག་པ་རེ་ ཡར་སེང་འགྱོཝ་མ་གཏོགས་ ཁྲོམ་དེ་ ཧེ་མ་བཟུམ་སྦེ་ར་ སྡོད་ནུག་ཟེར་ཨིན་པས།
མ་གཞི་ ཚོང་དཔོན་དང་ གཞན་མི་ ས་གནས་ནང་སྡོད་མི་ མི་སེར་ཚུ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ཆོག་ཆོ་སྦེ་ཡོད་རུང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ གནང་བ་མ་ཐོབ་མི་ལུ་བརྟེན་ བཟོ་སྐྲུན་འགོ་མ་བཙུགས་པར་ བཞག་དགོཔ་ཐོན་ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་གསར་པའི་ ས་ཆ་མཚམས་བཟོ་ཡོད་མི་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ གནང་བ་མ་གྲུབ་ཚུན་ ས་གནས་འཆར་གཞི་དེ་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ ས་མཚམས་བཟོ་མི་ས་ཆ་ བདེ་བ་ཐང་དང་ དཱམ་དུམ་ དེ་ལས་ གུ་རུང་བཱསི་ཏི་ཚུ་ལས་ ས་ཚན་༦༠༠ མི་སེར་ཚུ་ལུ་ རྩིས་སྤྲོད་ད་ཡི་ཟེར་ཨིན་པས།
དེ་འབདཝ་ད་ མི་སེར་ཚུ་ལུ་ རྩིས་སྤྲོད་མི་ ས་ཆ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ཨིནམ་ལས་ ཁོང་ལས་ གནང་བ་ལེན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་གནས་འཆར་གཞི་དང་པམ་དེ་ སྤྱི་ལོ་༢༠༠༨ ལུ་ གནང་བ་གྲུབ་ཡོདཔ་ཨིན་རུང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ ཁྲམ་སྤོ་སོར་འབད་དགོཔ་ལས་བརྟེན་ ཕྱིས་སོ་ཡི་ཟེར་ཨིན་པས།
དུས་ཚོད་ཕྱིས་དགོ་པའི་ གནད་དོན་གཞན་མི་དེ་ ཁྲོམ་གསར་པའི་ ས་ཁོངས་ནང་ ས་ཆ་ཌིསི་༣༧ གཞུང་གི་ཨིན་རུང་ དེ་ཚུ་ སྒེར་གྱི་ས་ཆ་ཚུ་གིས་ མཐའ་བསྐོར་ཏེ་ ཡོདཔ་ལས་བརྟེན་ རྒྱ་བསྐྱེད་འབད་ཐབས་མིན་འདུག་ཟེར་ཨིན་པས།
ཁ་གཏོར་ཏེ་ཡོད་པའི་ཁར་ སྒེར་ས་གིས་ མཐའ་བསྐོར་ཏེ་ཡོད་པའི་ གཞུང་ས་ཚུ་ སྒེར་ས་དང་གཅིག་ཁར་ བརྗེ་སོར་ཐོག་ བདེ་སྒྲིག་འབད་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ གནང་བ་ལེན་དགོཔ་ཡོད་ཟེར་ སངས་རྒྱས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ གནང་བ་གནང་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ གནང་བ་མ་གནང་པ་ཅིན་ ཁྲོམ་སྡེའི་འཆར་གཞི་ཚུ་ བསྒྱུར་བཅོས་གཏང་དགོཔ་ལས་ དེ་ཚུ་ བསྒྱུར་བཅོས་འབད་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment