གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ལ་རྒེད་འོག་ནང་ ཁྱིམ་གུང་༢༥ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ།

༢༩/༤/༢༠༡༣   ༉ ཐིམ་ཕུ་རྫོང་ཁག་དར་དཀར་ལ་དང་ ལྕམ་སྒང་གི་བར་ན་ ལ་ནོར་གཡག་ཚུ་དང་གཅིག་ཁར་ གནས་སྤོ་འགྱོ་མི་ ཁྱིམ་གུང་༢༥ གིས་ ད་ལས་ཕར་ གཏན་འཇགས་ཀྱི་ ཁྱིམ་རྐྱབ་ཐོག་ལས་ ཁོང་རའི་ཨ་ལུ་ཚུ་ སློབ་གྲྭ་ནང་ འགྱོ་ནི་ལུ་ སྟབས་བདེ་ཏོག་ འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ས་ཆའི་སྐྱིད་སྡུག་ཐོབ་མི་ དར་དཀར་ལ་རྒེད་འོག་གི་ མི་སེར་ཚུ་དང་ ཞལ་འདྲིས་གནས་པའི་བསྒང་།


དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དར་དཀར་ལ་རྒེད་འོག་གི་ གནས་སྤོ་འགྱོ་མི་ མི་སྡེའི་ལྷག་ལུས་ ཁྱིམ་གུང་༢༥ ལུ་ ལྕམ་སྒང་གཡུས་ཚན་ནང་ ས་ཚན་ཌིསི་༡༣ རེ་ སྐྱིད་སྡུག་གནང་ཡོདཔ་ད་ སྤྱི་ལོ་༡༩༨༢ དང་ སྤྱི་ལོ་༡༩༨༦ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཁྱིམ་གུང་༣༢ ལུ་ སའི་སྐྱིད་སྡུག་གནང་ཡོདཔ་ཨིན་པས།
ཧེ་མ་ ས་ཆའི་སྐྱིད་སྡུག་གནངམ་ད་ འཚོ་བ་ལ་ནོར་གསོ་སྐྱོང་ལུ་བརྟེན་ཏེ་ གནས་སྤོ་འགྱོ་ཡི་ར་སྡོད་མི་ མི་སྡེའི་འཐུས་མི་ ལྷག་ལུས་ཚུ་ མི་ཚེའི་གནས་སྟངས་ གཡག་ཚུ་དང་གཅིག་ཁར་ གནས་སྤོ་འཕྲོ་མཐུད་འགྱོ་ཐོག་ལས་ སྐྱོང་ནི་གི་ གདམ་ཁ་རྐྱབ་ནུག་ཟེར་ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གནས་སྤོ་འགྱོ་མི་ མི་སེར་ཚུ་གིས་ ཁོང་ལུ་ དཀའ་སྡུག་ལེ་ཤ་བྱུང་མི་ལུ་བརྟེན་ གཏན་འཇགས་ཀྱི་ ཁྱིམ་རྐྱབ་དགོ་པས་ཟེར་ སྐྱིད་སྡུག་ཞུ་ཡོདཔ་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ གསུངས་མིའི་ནང་ ཁྱིམ་ས་འདི་ལུ་བརྟེན་ ཁོང་མི་སེར་ཚུ་ གཏན་འཇགས་སྦེ་ སྡོད་ཚུགས་ནི་དང་ ཁོང་གི་ མི་ཚེའི་གནས་སྟངས་ཡང་ ཡར་དྲག་གཏང་ཚུགས་ནི་ཨིནམ་ལས་ ཁོང་གི་ ས་ཆ་དེ་ བདག་འཛིན་འཐབ་དགོ་ཟེར་ཨིན་པས།
ད་རིས་ ང་གིས་ ས་ཆ་འདི་ ཁྱེད་མི་སེར་ཚུ་ལུ་ རྩིས་སྤྲོད་མི་དེ་གིས་ ཁྱེད་ར་དང་ ཁྱེད་རའི་ཨ་ལུ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་གི་ རེ་བ་ཡོད་མི་དབང་མཆོག་གིས་ གསུངས་གནང་ནུག།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྤོ་འགྱོ་མིའི་ མི་སྡེའི་ཨ་ལུ་མང་ཤོས་ཅིག་ དཔེ་ཆ་ལྷབ་པའི་བསྒང་ཡོད་མི་ དབྱངས་ཅན་དགའ་ཚལ་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ཡང་ ཆིབས་བསྐྱོད་གནང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment