གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་ནི།

༢༦/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ དོ་འགྲན་པ་༢ ཡོད་པའི་གྲས་ལས་ ཡ་ལང་རྒེད་འོག་ལས་ བཀྲིས་ཕུན་ཚོགས་ཀྱིས་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་གྲངས་རྩིས་མ་བཏོན་ཚུན་ དོ་འགྲན་སྦོམ་འབྱུང་ནི་ཨིན་པའི་སྣང་བ་ཤར་ཡོདཔ་ཨིན་པས།


དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱངས་ཁ་རྐྱབ་པའི་སྐབས་ལུ་ བཀྲིས་ཕུན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡༢༨ དེ་ཅིག་ ཁྱད་པར་ཆགས་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ ཁོ་གི་དོ་འགྲན་པ་ ཀརྨ་ཕུན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༦༣༧ ཐོབ་པའི་སྐབས་ བཀྲིས་ཕུན་ཚོགས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༥༠༩ ལས་ ཐོབ་མ་ཚུགས་ནི་དེ་གིས་ཨིན་པས།
ཨིན་རུང་ འཕྲུལ་ཆས་ཐོག་གི་ ཚོགས་རྒྱན་གྲངས་རྩིས་བཏོན་པའི་སྐབས་ལུ་ བཀྲིས་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༢༧༡༧ ཐོབ་ས་ལས་ ཁོ་རའི་དོ་འགྲན་པ་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༦༥༡ ལས་བརྒལ་ཐོབ་མ་ཚུགས་ནི་དེ་གིས་ ཚོགས་རྒྱན་ཁྱད་པར་༩༣༨ ཞུགས་ཡོདཔ་ཨིན་པས།
དོ་འགྲན་པ་༢ ཀྱི་བར་ན་ གྲངས་རྩིས་བཏོན་པའི་སྐབས་ལུ་ འཕྲུལ་ཆས་དང་ འགྲེམ་ཐོག་༢ ཀྱི་ ཡོངས་བསྡོམས་བཏོན་པའི་བསྒང་ལས་ བཀྲིས་ཕུན་ཚོགས་ཀྱིས་ ཚོགས་རྒྱན་བསྡོམས་༣༢༢༦ དང་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༢༢༨༨ ལས་ ཐོབ་མ་ཚུགས་ནི་དེ་གིས་ བཀྲིས་ཕུན་ཚོགས་དེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
བཙག་འཐུ་གྲུབ་མི་ བཀྲིས་ཕུན་ཚོགས་ཀྱིས་ གྲུབ་འབྲས་བཏོན་ཚར་བའི་ཤུལ་ལུ་ ཀུན་གསལ་ལུ་ སླབ་མིའི་ནང་ མཐར་འཁྱོལ་བྱུང་ཚུགས་མི་དེ་ ད་ལས་ཕར་ དེ་གིས་མཇུག་བསྡུཝ་མེན་ཟེར་ཨིནམ་ད་ ཁོ་གིས་ ད་ལྟོ་ཚུན་ མི་སེར་ཚུ་ལུ་ ཁས་བླངས་འབད་མི་ཚུ་ཡང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཨིནམ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཕྱག་ལཱ་དེ་ཡང་ དེ་དང་འཁྲིལ་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ བཙག་འཐུ་གྲུབ་ཚུགས་པའི་གནད་དོན་ཅིག་ ཁོ་ར་ ཁ་འཇམ་མི་བརྟེན་ མི་སེར་ཚུ་གིས་ ཁོ་ལུ་རྒྱབ་སྐྱོར་འབད་འབདཝ་འོང་ཟེར་ཨིནམ་ད་ ཁམས་དྭངས་དང་ གཡང་རྩེ་ སྟོང་གཞང་ དེ་ལས་ སྟོད་ཚོ་རྒེད་འོག་གི་མི་ཚུ་ ཡང་ཅིན་ ཁོ་རའི་ཨ་པ་གི་ མིང་གཏམ་ལུ་བརྟེན་ཏེ་ རྒྱབ་སྐྱོར་འབད་འབདཝ་འོང་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ཁོ་ར་དང་གཅིག་ཁར་ ཨ་པ་ཡང་ སོང་ཡོདཔ་ལས་ ཨ་པ་དེ་ ཁག་འབག་ལཱ་གི་ ལྟ་རྟོག་པ་ཨིནམ་ལས་ རྫོང་ཁག་དེ་ནང་ ཆུ་གཡུར་བཏོན་ནི་ལས་འགོ་བཟུང་སྟེ་ ཁག་འབག་གི་ ལཱ་མང་རབས་ཅིག་འབད་མི་ལུ་བརྟེན་ འོང་ནི་ཨིནམ་ད་ བཀྲིས་ཕུན་ཚོགས་ཀྱིས་འབད་རུང་ ཁོ་རའི་ཨ་པ་གིས་ ཁོ་དང་གཅིག་ཁར་ མཉམ་རུབ་འབད་མི་དེ་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
དེ་མ་ཚད་ ཁོ་ར་ལུ་འབད་རུང་ རམ་འཇར་དང་ བྱམས་མཁར་རྒེད་འོག་ཚུ་ནང་ ཁོ་ལུ་ རྒྱབ་སྐྱོར་འབད་མི་ཡོདཔ་ལས་བརྟེན་ བྱམས་མཁར་རྒེད་འོག་ལས་ ཚོགས་རྒྱན་གྱི་ཁྱད་པར་ གནམ་མེད་ས་མེད་མ་ཐོན་མི་ཡང་ དེ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ གནད་དོན་ཅིག་ཁོ་ར་ ལཱ་ག་ཅི་ར་འབད་རུང་ བརྩོན་ཤུགས་བསྐྱེད་དེ་འབད་མི་ཅིག་ཨིནམ་ལས་ བཙག་འཐུ་གྲུབ་ཚུགས་མི་དེ་ཡང་ རྒྱུ་མཚན་དེ་ལུ་བརྟེན་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment