གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་གྲུབ་མི་འཐུས་མི་གིས་ རྒེད་འོག་༡༢ ནང་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ།

༢༦/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་མི་དང་འབྲེལ་ བཙག་འཐུ་གྲུབ་མི་ བསྟན་འབྲུ་རྒེད་འོག་གི་འདེམས་ངོ་ སངས་རྒྱས་མཁའ་འགྲོ་གིས་ རྒེད་འོག་༡༥ ཡོད་པའི་གྲས་ལས་ ཁོ་རའི་རྒེད་འོག་རྩིས་པའི་ རྒེད་འོག་༡༢ ནང་ལས་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ཨིན་པས།


དེ་ཡང་ ཁོ་རའི་རྒེད་འོག་ནང་ ཚོགས་རྒྱན་༡,༧༤༨ བཙུགས་ས་ལས་ ཚོགས་རྒྱན་༡,༢༨༦ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ ནོར་རྒྱས་སྒང་ལུ་ ཚོགས་རྒྱན་༡,༤༤༥ བཙུགས་ས་ལས་༩༥༣ ཐོབ་ནུག།
ནོར་རྒྱས་སྒང་ལས་ ཁོ་ལུ་ ཚོགས་རྒྱན་རྒྱ་ཆེ་དྲགས་སྦེ་ ཐོབ་མི་དེ་ཡང་ རྒེད་འོག་དེ་ བསྟན་འབྲུ་རྒེད་འོག་གི་ ཉེ་འདབས་ལུ་ ཨིན་པའི་ཁར་ ཁོ་ ཧེ་མ་ སྤྱི་མི་སྦེ་སྡོདཔ་ད་ རྒེད་འོག་དེ་གི་དོན་ལུ་ ཕན་ཐོགས་པའི་ ལཱ་ལེ་ཤ་ཅིག་ར་ འབད་ཡོད་མི་ལུ་བརྟེན་ཨིན་པས།
རྡོ་ཕུག་ཅན་རྒེད་འོག་ལས་ མི་གྲངས་༡,༨༤༢ ཀྱིས་ ཚོགས་རྒྱན་བཙུགས་ས་ལས་༨༧༠ ཐོབ་ཡོདཔ་ད་ པདྨ་གླིང་རྒེད་འོག་ལས་༧༧༥ དེ་ལས་རྣམ་རྒྱལ་ཆོས་གླིང་ལས་ ཚོགས་རྒྱན་༧༦༣ ཐོབ་ནུག།
གསང་སྔགས་ཆོས་གླིང་རྒེད་འོག་ནང་ ཚོགས་རྒྱན་༡,༢༢༢ བཙུགས་ས་ལས་༦༠༩ ཐོབ་ཡོདཔ་ད་  དན་ཅུ་ཁ་ལས་༥༣༩ བཀྲིས་ཆོས་གླིང་ལས་༤༨༨ འོད་གསལ་རྩེ་ལས་༥༢༥ དེ་ལས་ ཨོ་རྒྱན་རྩེ་ལས་༢༦༥ ཐོབ་ནུག།
སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་མཐོ་དྲགས་སྦེ་ཐོབ་མི་ རྒེད་འོག་མང་ཤོས་ཅིག་གི་ མི་སེར་ཚུ་གིས་ ཁོང་གི་ངོ་ཚབ་དེ་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་ཤེས་པའི་ཁར་ ཧེ་མ་ཡང་ སྤྱི་ཚོགས་ནང་ ལཱ་འབད་བའི་ ཉམས་མྱོང་ཡོད་མི་ཅིག་ར་ གདམ་ཁ་རྐྱབ་དགོཔ་སྦེ་ སླབ་མི་ལུ་བརྟེན་ཨིན་པས།
དུམ་སྟེང་རྒེད་འོག་ནང་ལས་འབད་བ་ཅིན་ ཚོགས་རྒྱན་མཐོ་ཤོས་དེ་ ཁྱུང་བདུད་ཚེ་རིང་གིས་༡༥༧ ཐོབ་ཡོདཔ་ད་ སངས་རྒྱས་མཁའ་འགྲོ་གིས་༡༡༧ ལས་བརྒལ་ ཐོབ་མ་ཚུགས་པས།
ཕུན་ཚོགས་དཔལ་རི་དང་ རྟ་སྡིང་རྒེད་འོག་ཚུ་ནང་ལས་ ཚོགས་རྒྱན་མཐོ་ཤོས་དེ་ ཌི་ཀེ་ག་ལེ་གིས་ ཚོགས་རྒྱན་༤༡༡ དང་ རྟ་སྡིང་ལས་༥༧༦ ཐོབ་ཡོད་རུང་ སངས་རྒྱས་མཁའ་འགྲོ་གིས་༣༦༡ དང་༥༥༨ ཐོབ་ནུག།
སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༩,༡༤༤ དང་ འགྲེམ་ཐོག་ཚོགས་རྒྱན་༧༦༣ ཐོབ་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་དེ་ཡང་ གཞན་མི་འདེམས་ངོ་༦ དང་ཕྱདཔ་ད་ མཐོ་ཤོས་ཅིག་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༤༡,༥༩༦ ཡོད་ས་ལས་ ཚོགས་རྒྱན་གྱི་ཉིན་མར་ མི་གྲངས་༡༩,༠༡༠ གིས་མ་གཏོགས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment