གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ལོག་བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ དར་དཀར་ནང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་རྡོ་རྗེ་དེ་ ལོག་སྟེ་ར་ རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།


དོ་འགྲན་པ་མེད་མི་ འདེམས་ངོ་བསོད་ནམས་རྡོ་རྗེ་གིས་ རྫོང་ཁག་གི་ རྒེད་འོག་༡༤ ནང་ལས་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༨,༧༣༠ འོང་མིའི་གྲས་ལས་ མི་དགོ་ཟེར་མི་༡,༧༡༥ བཙུགས་ཡོད་རུང་ མི་གྲངས་༧,༠༡༥ གིས་ དགོ་ཟེར་བའི་ ཚོགས་རྒྱན་བཙུགས་ཡོདཔ་ལས་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
དེ་མ་ཚད་ རྫོང་ཁག་ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༢༠༡ ཐོབ་ཡོད་མི་ལས་ ཚོགས་རྒྱན་༡༦༨ ཆ་མེད་བཏང་ཡོད་རུང་ ཚོགས་རྒྱན་༡,༠༣༣ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ རྫོང་ཁག་ནང་ལས་ བཙག་འཐུ་གྲུབ་འོང་མནོ་བའི་རེ་བ་ ཧེ་མ་ལས་བསྐྱེད་ཡི་ཟེར་ཨིན་པས།
རེ་བ་བསྐྱེདཔ་བཞིན་དུ་ ད་ལས་ཕར་ ཁོ་རའི་ ཉམས་མྱོང་དང་ ཡོན་ཏན་ཐོབ་མི་ཚུ་ ལག་ལེན་འཐབ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
དར་དཀར་ལུང་གསུམ་གྱི་ མི་སེར་ཆ་མཉམ་གྱིས་ ཁོ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་དེ་ ལོག་སྟེ་ར་ གོ་སྐབས་ཐེངས་༢ པ་བྱིན་མི་ལུ་ བཀྲིན་དགའ་ཚོར་སྦོམ་ཡོདཔ་མ་ཚད་ ཁོ་རའི་ཁ་ཐུག་ལས་འབད་རུང་ དམ་ཚིག་དཔང་བཙུགས་ཐོག་ལས་ ཕྱག་ལེགས་ཤོམ་སྦེ་ ཞུ་ནིའི་ཁས་བླངས་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment