གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེ་འདོད་དང་བསྟུན་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༢༥/༤/༢༠༡༣   ༉ ཀྲོང་གསར་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༣ ཐོན་མིའི་གྲས་ལས་ རྒྱལ་ཁ་དེ་ འདེམས་ངོ་གསརཔ་༢ ནང་ལས་ འཐོན་ནི་གི་ ལོ་རྒྱུས་ཡོད་མི་དང་བསྟུན་ མཐར་ཕྱིན་གྱིས་ ཐོབ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ མཐར་ཕྱིན་ལུ་ རྒྱལ་ཁ་ཐོབ་པའི་དགའ་ཚོར་བསྐྱེད་པའི་བསྒང་།


དེ་བཟུམ་སྦེ་ ཚོགས་རྒྱན་གྱི་ཉིནམ་ལུ་ འདེམས་ངོ་༣ གྱི་ འགྲེམ་ཐོག་ཚོགས་རྒྱན་གྱངས་ཁ་ རྐྱབ་པའི་སྐབས་ལུ་ཡང་ འདེམས་ངོ་གསརཔ་༢ ཀྱིས་ ཧ་ལམ་ འདྲན་འདྲ་ཐོབ་ཡོདཔ་ད་ དེ་ཡང་ བཀྲ་ཤིས་བསམ་གྲུབ་ཀྱིས་༢༢༤ དང་ མཐར་ཕྱིན་གྱིས་༢༢༡ ཐོབ་ཡོདཔ་ལས་ མང་ཤོས་ཀྱིས་ གྲུབ་འབྲས་དེ་ འདྲན་འདྲ་འོང་ནི་གི་ རེ་བ་བསྐྱེད་ཡོད་རུང་ འཐུས་མི་བགྲེསཔ་གིས་ རྒྱལ་ཁ་མི་འཐོབ་ནི་ཨིནམ་ ཤེསཔ་བཟུམ་སྦེ་ར་ སྡོད་ཡོདཔ་ཨིན་པས།
ཁྲོམ་ཁར་སྡོད་མི་ ལ་ལུ་ཅིག་གིས་ ནུབ་སྦིས་རྒེད་འོག་གི་འདེམས་ངོ་ བཀྲ་ཤིས་བསམ་གྲུབ་དེ་ མི་སེར་ཚུ་གིས་ འཐོན་དགོ་པའི་ གསོལཝ་བཏབ་བཞིན་དུ་ ཁོ་གིས་ རྒྱལ་ཁ་འཐོབ་པའི་ རེ་འདོད་བསྐྱེད་ཡི་ཟེར་ཨིནམ་ད་ དཀར་གཞོང་སྤྱི་འོག་གི་ མི་སེར་ཚུ་གིས་ ག་ར་གིས་ ཁོ་ལུ་ ཚོགས་རྒྱན་བཙུགས་ནི་དེ་གིས་ རྒྱ་གར་རྡོ་རྗེ་གིས་ སྤྱི་འོག་ནང་ལས་ ཚོགས་རྒྱན་ཕུད་རྡོག་༡ ཡང་ ཐོབ་མ་ཚུགས་རུང་ མཐར་ཕྱིན་གྱིས་ ཁོ་རའི་ ཚོགས་པ་དང་གཞན་མི་གཉིས་ལས་ ཚོགས་རྒྱན་བསྡོམས་༣ ཐོབ་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ གླང་ཐལ་རྒེད་འོག་གི་ གདང་གདུང་སྤྱི་འོག་གི་ སྐྱེས་ལོ་༥༥ ལང་མི་ རྣམ་རྒྱལ་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཐུས་མི་བགྲེསཔ་གིས་ ཚོགས་ཁང་ནང་ གསུང་གྲོས་གནང་ཡོད་པའི་ གྲོས་ཆོད་ཚུ་གི་སྐོར་ལས་ མི་སེར་ཚུ་ལུ་ བརྒྱ་ཆ་ལྔ་ཡང་ བརྡ་མ་སྤྲོདཔ་ལས་བརྟེན་ ཡིད་ཆེས་མེད་ནི་དེ་གིས་ རྒྱབ་སྐྱོར་འབད་མི་ མ་ཐོན་པས་ཟེར་ཨིན་པས།
ཁོ་གིས་ སྤྱི་འོག་དེ་གི་ གཡུས་ཚན་༤ ནང་གི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱབ་སྐྱོར་དེ་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ ཚོགས་འདུ་གི་ བཙག་འཐུའི་སྐབས་ལུ་ཡང་ དེ་བཟུམ་ཅིག་ར་ འོང་ནི་གི་ འོས་འབབ་སྦོམ་ཡོད་ཟེར་ཨིན་མི་དེ་ཡང་ འཐུས་མི་ཚུ་གིས་ ཚར་གཅིག་བཙག་འཐུ་གྲུབ་པའི་ཤུལ་ལས་ བལྟ་མི་བཏུབ་པས་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལྟོ་ གདམ་འཐུ་གྲུབ་མི་ འཐུས་མི་དེ་ རྒེད་འོག་ནང་ གོང་འཕེལ་འབག་འོང་ཡོདཔ་ལས་ ཁོང་གི་དོན་ལུ་ འོས་འབབ་ཁོ་ལུ་ མཐོང་ཡི་ཟེར་ཨིན་པས།
མཐར་ཕྱིན་གྱི་རྒྱབ་སྐྱོར་པ་ གླང་ཐལ་ལས་ ཕུར་པ་གིས་ཡང་ འདས་པའི་བཙག་འཐུ་ནང་ ཁོ་ལུ་ ལཱ་གི་ཉམས་མྱོང་ཡོད་ནི་དེ་གིས་ རྒྱབ་སྐྱོར་འབད་ཡོད་རུང་ འཐུས་མི་བགྲེསཔ་ལུ་ ལོག་སྟེ་ རྒྱབ་སྐྱོར་འབད་མ་ཚུགས་ཟེར་ཨིན་པས།
སྟང་སི་སྦྱིས་རྒེད་འོག་ ཚང་ཁ་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ རིག་འཛིན་དབང་མོ་གིས་ མོ་རའི་གཡུས་ཁ་གི་ མི་ཚུ་གིས་ཡང་ དུས་ཅི་རྒྱབ་སྐྱོར་དེ་ འདེམས་ངོ་གསརཔ་ལུ་ བྱིན་ནི་གི་ ཐག་བཅད་ཡོདཔ་ལས་ འཐུས་མི་བགྲེསཔ་ལུ་ བཙུགས་མ་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ གཡུས་ཚན་དེ་ནང་ གཞན་མི་ཨམ་སྲུ་ཅིག་གིས་ཡང་ འདེམས་ངོ་གསརཔ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ བཤད་ཡོད་རུང་ འཐུས་མི་བགྲེསཔ་གིས་ གདམ་འཐུ་དེ་ མི་སེར་གྱི་དབང་ཆ་ཨིནམ་ལས་ གུས་ཞབས་ཡོད་ཟེར་ཨིན་པས།
འཐུས་མི་བགྲེསཔ་ རྫོང་ཁག་གི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡ ཡོད་ས་ལས་ ཁོ་རའི་ སྤྱི་འོག་གི་ རྣམ་རྒྱལ་ཆོས་གླིང་མི་སྡེ་སློབ་གྲྭ་ནང་ལས་རྐྱངམ་གཅིག་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོད་རུང་ གཞན་མི་ས་ཁོངས་ཚུ་ལས་ ཁོ་གིས་ ཐོབ་མ་ཚུགསཔ་ཨིན་པས།
འདེམས་ངོ་མེད་མི་ སྐོར་ཕུ་རྒེད་འོག་གིས་ཡང་ མཐར་ཕྱིན་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ རྒེད་འོག་དེ་ནང་ལས་༣༣༧ གྱིས་ ཚོགས་རྒྱན་བཙུགས་ས་ལས་ ཁོ་གིས་༢༠༣ ཐོབ་ཡོདཔ་ད་ ཁོ་གིས་ བྲག་སྟེང་རྒེད་འོག་ནང་ལས་ཡང་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༣༨༠༣ འོང་ཡོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་༥༠ ལྷགཔ་ཅིག་གིས་ བཙག་འཐུ་ནང་ འོང་ཡོདཔ་ད་ རྫོང་ཁག་ནང་ ཁྱད་ཚད་ལྡན་མི་༨༧༣༦ ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment