གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི།

༢༩/༤/༢༠༡༣   ༉ རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུ་དེ་ སྤྱི་༥ པའི་ཚེས་༣༡ ལུ་དང་ སྤྱིར་བཏང་བཙག་འཐུ་དེ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།


ཚེས་གྲངས་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུའི་ལྷན་འཛིན་དང་ སྤྱི་ཁྱབ་ཚུ་ བཀྲིས་ཆོས་རྫོང་ནང་ འབོ་ཞིནམ་ལས་ གསུངས་ཡོདཔ་ཨིན་པས།
དེ་གི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རེས་ བཀའ་ཤོག་གནང་དགོ་མི་དེ་ཡང་ བཙག་འཐུའི་བྱ་རིམ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ འགོ་འདྲེན་འཐབ་ནི་དང་ དེ་ནང་ མི་སེར་ཚུ་གིས་ འགན་ཁུར་ཚུ་ འདྲ་མཉམ་སྦེ་ འབག་ཐོག་ལས་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་དང་པ་བཟུམ་སྦེ་ གྲུབ་འབྲས་ཅན་སྦེ་ འགོ་འདྲེན་འཐབ་ནི་ལུ་ དམིགས་ཏེ་ཨིན་ཟེར་ གསུངས་གནང་ནུག།
བཀའ་ཤོག་དང་འཁྲིལཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་རིམ་ཚུ་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུ་དང་འབྲེལ་བའི་ གཞན་མི་ཁྲིམས་ལུགས་ཚུ་དང་འཁྲིལ་ གོ་ཡངས་དང་ དྭངས་གསལ་ཅན་སྦེ་ འགོ་འདྲེན་འཐབ་དགོཔ་སྦེ་ཨིན་པས།
བཀའ་ཤོག་ནང་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་ཅན་བཟོ་ནི་ལུ་ བཙག་འཐུ་དེ་ ཁག་ཆེ་དྲགས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ལུ་ ཕན་ཐབས་འབྱུང་ནི་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ རེ་རེ་བཞིན་དུ་གིས་ རང་སོའི་ ཚོགས་རྒྱན་གྱི་ཐོབ་དབང་ཚུ་ ལག་ལེན་འཐབ་ཚུགསཔ་ བཟོ་དགོཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment