གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༢/༤/༢༠༡༣   ཉེས་པ་གསུམ་གྱི་རྩ་བ་ ཆང་བཀག་འཛིན་འབད་དགོ་པའི་ཞུ་བ།
༉ ང་བཅས་ར་ སྐོབས་ཚུད་ཅན་གྱི་ འབྲུག་རྒྱལ་ཁབ་འདི་ནང་ ཆོས་དང་ལམ་སྲོལ་བཟང་པོ་ཚུ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་སྦོམ་འགྱོ་བའི་ཁར་ མི་རློབས་ཡང་ འབུམ་བརྒྱད་དེ་ཅིག་ལས་མེདཔ་ལས་ སྤྱི་གཙུག་གི་ཉི་ཟླ་ མི་དབང་མངའ་བདག་རྒྱལ་པོ་ ཡབ་སྲས་༢ ཀྱིས་ དབུ་གཙོས་པའི་སྐུ་འཁོར་ལྷན་རྒྱས་ཚུ་དང་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྡོ་རྗེ་འཆང་མཆོག་གིས་ དབུ་གཙོས་པའི་བླ་སློབ་ དམངས་གཙོའི་གཞུང་སྐྱོང་མི་ བློན་ཆེན་མཆོག་གིས་གཙོས་པའི་ བློན་པོ་ལྷན་རྒྱས་ ཆེ་བསྟོད་ཅན་གྱི་འཐུས་མི་ཚུ་གིས་ ནད་གཞི་གདུག་དྲགས་ ཀེན་སར་དང་ ཌའི་བེ་ཊིས་ དེ་ལས་ ཨེཆ་ཨའི་བི་ཚུ་གི་སྐོར་ལས་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ གསུངས་བཤད་ཚུ་ གནང་བཞིན་དུ་ཡོད་ཟེར་ཞུ་ནི།


དེ་མ་ཚད་ མི་སེར་ཕོ་མོ་གང་རུང་གིས་ སྨྱོ་ཆང་ལོངས་སྤྱོད་མི་དང་ ན་གཞོན་བུཚ་དང་བུམོ་ཚུ་གིས་ སྨྱོ་རྫས་ལོངས་སྤྱོད་མི་ཚུ་ལུ་ཡང་ ཐུགས་ཀྱིས་བཟོད་མ་ཚུགས་པར་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ གོ་བརྡ་སྤྲོད་དང་སྤྲོད་བཞིན་དུ་ཡོད་ཟེར་ཞུ་ནི།
ཨིན་རུང་ གོང་ལུ་བཀོད་མི་ ནད་གཞི་གདུག་དྲགས་ ཁག་༢ པོ་དེ་ལུ་ སྨན་བཅོས་ལེགས་ཤོམ་འབད་བ་ཅིན་ སྨན་གྱི་ནུས་པ་གིས་ རང་གི་ཚེ་བསྲིང་སྟེ་ སྡོད་ཚུགསཔ་ངེས་བདེན་ཨིན་མས་ཟེར་ཞུ་ནི།
ང་རའི་བསམ་འཆར་ཅི་ཞུ་བ་ཅིན་ འདི་བ་ལྷག་པའི་ མིའི་གཟུགས་ལུ་ ནད་གཞི་བཙུགས་མི་ ངོ་མ་ཅིག་ སྨྱོ་ཆང་དེ་ཨིནམ་མས་ཟེར་ཞུ་ནི།
གཞུང་གི་ཁ་ཐུག་ལས་ སྨྱོ་ཆང་བཀག་ཐབས་ཀྱི་ཕྱག་ལཱ་ མཛད་དང་མཛད་བཞིན་དུ་ཡོད་མི་དེ་ ཀུན་གྱིས་མཁྱེན་གསལ་ཆེ་རུང་ ང་བཅས་ར་ ཆང་འཐུང་མི་ཚུ་གིས་ ཚད་མ་ཤེས་པར་ ཚད་ལས་བརྒལ་བའི་ཆང་འཐུངམ་ལས་ སྨན་ཁང་ཚུ་ནང་ལྟ་རུང་ གཡུས་ཁར་ལྟ་རུང་ ཁྲོམ་ཁ་ལྟ་རུང་ ནདཔ་མང་ཤོས་ར་ ཆང་ལུ་བརྟེན་ཏེ་ ཐོནམ་མས་ཟེར་ཞུ་ནི།
མི་གི་ཚེ་སྲོག་ལུ་ བར་རྐྱེན་རྐྱབ་མི་དེ་ཡང་ མང་ཤོས་ར་ ཆང་ནད་ལུ་བརྟེན་ཏེ་ ཨིན་མས་ཟེར་ཞུ་ནི།
སྣུམ་འཁོར་ཚུ་ལུ་ ཐུག་རྐྱེན་བྱུང་བའི་འུར་བྱེལ་དང་ བཟའ་ཚང་ནང་དོག་ལུ་ འཐབ་འཛིང་བྱུང་སྟེ་ དགའ་སྐྱིད་མེདཔ་བཟོ་ནི་ ཁྲོམ་ལམ་གཡས་གཡོན་ལུ་ཉལ་སྡོད་མི་ གཉེན་ཡ་བྲལ་སོང་མི་ཚུ་ག་ར་ རྒྱུ་རྐྱེན་ངོ་མ་ སྨྱོ་ཆང་ལུ་བརྟེན་ཏེ་ བྱུངམ་མས་ཟེར་ཞུ་ནི།
འཕྲལ་ཁམས་ཅིག་ཁར་ ཧཱ་ལུ་ ཚོགས་སྡེའི་འདེམས་ངོ་གསརཔ་ཚུ་གི་ དངོས་མཐོང་གྲོས་བསྡུར་ནང་ འདས་པའི་གཞུང་སྐྱོང་ལྷན་རྒྱས་དང་ ཆེ་བསྟོད་ཅན་གྱི་འཐུས་མི་ཚུ་གིས་ ཟས་ངན་ཏམ་ཁུ་ བཀག་འཛིན་གྱི་བཅའ་ཁྲིམས་ ལེགས་ཤོམ་སྦེ་ བཟོ་གནང་མི་དེ་ལུ་ བསྒྱུར་བཅོས་འབད་དགོཔ་ཡོད་པའི་ ལོ་རྒྱུས་ཐོན་མི་དེ་ལུ་ ང་རའི་ བསམ་འཆར་ཅིག་ཞུ་བ་ཅིན་ བསྒྱུར་བཅོས་འབད་དགོཔ་ཅིག་ མིན་འདུག་ཟེར་ཞུ་ནི།
ད་ལས་ཕར་ ཚོགས་སྡེའི་འཐུས་མི་ཚུ་གིས་ ག་ཅི་མཛད་དགོཔ་འདུག་ཟེར་བ་ཅིན་ མིའི་ཚེ་སྲོག་དང་ མི་སྡེ་ལུ་ གནོད་སྐྱོན་སྦོམ་རྐྱབ་མི་ སྨྱོ་ཆང་བཙོང་ནིའི་ ལམ་ལུགས་དེ་ ཕྱིའི་རྒྱལ་ཁབ་ཀྱི་ ལམ་ལུགས་བཟུམ་སྦེ་ བཟོ་གནང་དགོ་པའི་ གསོལ་འདེབས་ཞུ་ནི།དེ་དང་གཅིག་ཁར་ རྫོང་ཁག་༢༠ གི་ཁྲོམ་སྡེ་ཚུ་ནང་ ཆང་ཚོང་གི་ལག་ཁྱེར་ མར་ཕབ་རྐྱབ་དགོ་པའི་ཁར་ ནུབ་མོའི་སྤྲོ་སྟོན་ལས་རིམ་ ཌིསི་ཀོ་ཐེག་ཚུ་ཡང་ མར་ཕབ་རྐྱབ་གནང་པ་ཅིན་ འབྲུག་མི་ཀུན་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

རྡོ་རྗེ་དབང་གྲགས།  སྤུ་ན་ཁ།

No comments:

Post a Comment