གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་ཡོན་གོང་འཕེལ་གྱི་ སློབ་སྦྱོང་བྱིན་ཡོདཔ།

༢༢/༤/༢༠༡༣   ༉ ཟླཝ་༢ ཀྱི་རིང་ སྒེར་གྱི་སློབ་སྦྱོང་སྤེལ་ཁང་གི་ སློབ་སྟོན་པ་༡༦ གིས་ སློབ་ཕྲུག་ན་གཞོན་ཚུ་ལུ་ དོན་ཚན་༤ གི་ཐོག་ལས་ སྦྱོང་བརྡར་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ སློབ་སྟོན་འབད་ནི་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ཚུགས་ནི་ཨིན་པས།
དྲུང་ཆེན་པདྨ་དབང་གྲགས་དང་ སྦྱོང་བརྡར་འབད་མི་ སྒེར་གྱི་སློབ་སྟོན་པ་ཚུ།


དེ་ཡང་ རིག་གསུམ་སྦྱོང་བརྡར་སྤེལ་ཁང་ལས་ སློབ་སྟོན་པ་ སྐྱེས་ལོ་༢༦ ལང་མི་ བཀྲིས་དབང་མོ་གིས་ སླབ་མི་དང་འཁྲིལཝ་ད་ ལས་གཡོག་ལྷན་ཁག་ མི་སྟོབས་ལས་ཁུངས་ཀྱིས་ སྦྱོང་བརྡར་སྤེལ་ཁང་གི་ སློབ་སྟོན་པ་ཚུ་ལུ་ ཐབས་ཤེས་མཁས་མཆོག་བཟོ་ཐབས་ལུ་ དམིགས་ཏེ་ སྦྱོང་བརྡར་བྱིན་མི་དེ་གིས་ རང་སོའི་རིག་རྩལ་དང་ ཤེས་ཡོན་ དེ་ལས་ ཉམས་མྱོང་ཚུ་ གོང་འཕེལ་བཏང་ཡོདཔ་བཞིན་དུ་ སྦྱོང་བརྡར་བ་ཚུ་ལུ་ ལྷན་ཐབས་སྦོམ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ དོན་ཚན་༤ པོ་དེ་ཡང་  རིག་རྩལ་དང་  ཤེས་བྱའི་ཡོན་ཏན་ ཉམས་རྟོགས་དང་ བསམ་འཆར་ དེ་ལས་ དབྱེ་དཔྱད་ཚུ་ ག་དེ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ནའི་སྐོར་ལས་ ཧ་གོ་ཡོདཔ་མ་ཚད་ སྦྱོང་བརྡར་པ་ཚུ་གིས་འབད་རུང་ ད་ལས་ཕར་ ལེགས་ཤོམ་སྦེ་ ཤེས་ཚུགས་ནི་ལུ་ ཕན་ཐོགས་སྦོམ་འདུག་ཟེར་ཨིན་པས།
ནིཌ་ཚོང་འབྲེལ་དང་ འཛིན་སྐྱོང་སྤེལ་ཁང་ལས་ སློབ་སྟོན་པ་ དེ་ཝག་ པར་ཌན་གྱིས་ སྦྱོང་བརྡར་དེ་ལུ་བརྟེན་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་བའི་སྐབས་ རིག་རྩལ་དང་ ཡོན་ཏན་ ཉམས་རྟོགས་ དེ་ལས་ དབྱེ་དཔྱད་ཚུ་ ལག་ལེན་འཐབ་ཐོག་ལས་ འབད་ནི་ཨིན་ཟེར་ ཨིན་པས།
མི་སྟོབས་ལས་ཁུངས་ལས་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སློབ་སྟོན་པ་ཚུ་ལུ་ སྦྱོང་བརྡར་འབད་དགོ་མི་དེ་ཡང་ སློབ་ཁང་ནང་ སྦྱོང་བརྡར་བ་ཚུ་ལུ་ རིག་རྩལ་ཅན་གྱི་སྒོ་ལས་ སློབ་སྟོན་དང་ ཐབས་ཤེས་གསརཔ་ གནས་སྐབས་ དེ་ལས་ དབྱེ་དཔྱད་ཐོག་ལས་ འབད་ཚུགས་ཐབས་ལུ་ཨིན་ཟེར་ཨིན་པས།
སློབ་སྟོན་པ་ཚུ་ལུ་ སྤེལ་ཁང་ཚུ་གིས་ སྦྱོང་བརྡར་བྱིན་མི་ལུ་བརྟེན་ འབྲུག་གཞུང་གི་ སྤེལ་ཁང་ཚུ་ནང་ ཁྱབ་ཚད་དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༩༠ དེ་ཅིག་ ཁྱབ་སྟེ་ཡོདཔ་ལས་ དེ་གིས་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་དྲུང་ཆེན་ པདྨ་དབང་གྲགས་ཀྱིས་ སྦྱོང་བརྡར་མཐར་འཁྱོལ་མི་ སློབ་སྟོན་པ་༡༦ ལུ་ ལག་ཁྱེར་ཚུ་གནང་མི་དང་འབྲེལ་ སྒེར་གྱི་སྦྱོང་བརྡར་སྤེལ་ཁང་གི་སློབ་སྟོན་པ་འབད་རུང་ ཁོང་ཆ་ཁྱབ་ཀྱིས་ འབྲུག་གཞུང་གོང་འཕེལ་གཏང་ནིའི་ནང་ ལྷན་གྲོགས་ཡོདཔ་མ་ཚད་ མི་སྡེ་དཔལ་འབྱོར་ཡར་དྲག་གཏང་ནིའི་ནང་ ལྷན་ཐབས་སྦོམ་འབད་དེ་ ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཡར་རྒྱས་གོང་འཕེལ་གྱི་ བརྗོད་དོན་དང་འབྲེལ་བའི་ གནད་གལ་ཅན་གྱི་ མི་སྟོབས་ཀྱི་དགོས་མཁོ་བྱུང་དོ་བཟུམ་སྦེ་ སྦྱོང་བརྡར་སྤེལ་ཁང་ལས་ མཐར་འཁྱོལ་མིའི་ ལས་བྱེདཔ་ཚུ་ཡང་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment