གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འདེམས་ངོ་༢ ལུ་ མི་སེར་གྱིས་ བསམ་འཆར་འདྲ་མིན་བཀོད་ཡོདཔ།

༢༠/༤/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཚོགས་རྒྱན་བཙུགས་ནིའི་དུས་ཚོད་དེ་ ཉིན་གྲངས་༣ དེ་ཅིག་ལས་བརྒལ་མེདཔ་ལས་ ལྷུན་རྩེ་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྒེད་འོག་༨ ཀྱི་མི་སེར་ མང་ཤོས་ཅིག་གིས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ཚུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།


དེ་ཡང་ རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༢ ལས་བརྒལ་མེདཔ་ལས་ མི་སེར་ཚུ་གིས་འབད་རུང་ འདེམས་ངོ་༢ ལུ་ ཚོགས་རྒྱན་བཙུགས་ནི་ལུ་ གྲ་སྒྲིག་ཡོད་ཟེར་ ལྷུན་རྩེ་ཁྲོམ་གྱི་ཚོང་པ་༡ གིས་ སླབ་ཡོདཔ་ཨིན་རུང་ ག་ལུ་བཙུགས་ནི་ཨིན་ན་དེ་ མི་ངོ་རང་རྐྱང་གིས་མ་གཏོགས་ གཞན་ལུ་སླབ་ནི་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ གདམ་ཁ་དེ་ ཁྲོམ་གོང་འཕེལ་བཏང་ཚུགས་མི་དང་ མི་སེར་ཚུ་ལུ་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ལཱ་འབད་ཚུགས་མི་ལུ་ བཙུགས་ནི་སྦེ་ སེམས་ཐག་བཅད་དེ་ཡོད་ཟེར་ཨིན་པས།
སྒང་ཟུར་རྒེད་འོག་ལས་ སོ་ནམ་པ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ མོ་གིས་ཡང་ འདེམས་ངོ་༢ ཀྱི་ ཁས་བླངས་ལུ་ཉན་ཏེ་ ཐག་བཅད་ཅི་ཟེར་ཨིན་པའི་ཁར་ མོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཚུགས་མི་ཅིག་ལུ་ བཙུགས་དགོ་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འདས་པའི་བཙག་འཐུ་སྐབས་ལུ་འབད་བ་ཅིན་ མི་སེར་ཚུ་ལུ་ བཙག་འཐུའི་ཤེས་ཡོན་མེདཔ་ལས་ གདམ་ཁ་རྐྱབ་ནི་ལུ་ ལཱ་ཁག་བཏང་ཡོདཔ་ཨིན་རུང་ འདས་པའི་ཉམས་མྱོང་ལུ་བརྟེན་ ད་ལས་ཕར་ མི་ངོ་དེ་ག་ཅི་བཟུམ་དགོ་ནི་ཨིན་ན་ ཤེས་གསལ་ཡོདཔ་ལས་ མི་སེར་ལུ་ཕན་ཐོགས་ཚུགས་པའི་མི་ངོམ་དེ་ གདམ་འཐུ་འབད་ནི་ཟེར་ཨིན་པས།
སྟག་མོ་ཆུ་གཡུས་ཚནལས་ གཡུས་མི་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་དེ་ནང་གི་འདེམས་ངོ་༢ ཆ་ར་ ལྕོགས་གྲུབ་ཡོད་མི་ཅིག་ཨིན་རུང་ མི་སེར་གྱི་སྐྱིད་སྡུག་ཧ་གོ་ཚུགས་མི་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་དྲག་ནི་མས་ཟེར་ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ཁོ་གི་ཤེས་ཚད་དེ་ གློག་མེ་ནང་མཁས་མཆོག་ཨིནམ་ལས་ རིག་འཛིན་རིག་འཛིན་གྱི་ ཤེས་ཚད་དེ་ སོ་ནམ་རིག་པའི་ནང་སྦྱང་བ་ཡོད་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ ཁོ་གིས་ཕན་ཐོགས་ཚུགས་ནི་མས་ཟེར་ཨིན་པས།
མི་སེར་ཚུ་གི་ བསམ་འཆར་ག་དེ་སྦེ་ཡོད་རུང་ རྫོང་ཁག་གི་འདེམས་ངོ་༢ ཆ་རའི་ཧོངས་ལས་ རེ་བ་སྦོམ་བསྐྱེད་དོ་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ལ་ལུ་ཅིག་གིས་འབད་བ་ཅིན་ མི་རློབས་ལས་བཅད་པ་ཅིན་ ཧེ་མའི་འཐུས་མི་ རིག་འཛིན་རིག་འཛིན་གྱིས་ འཐོབ་ནི་བཟུམ་ཅིག་ཡོད་མི་དེ་ཡང་ མཁོ་མ་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡,༦༥༡ དང་ ཁོ་རའི་གནས་ཚང་དེ་ སྨན་སྦི་རྒེད་འོག་ལས་ཨིནམ་ལས་ རྒེད་འོག་ནང་ ཚོགས་རྒྱན་བཙུག་མི་༢,༠༠༦ ཡོད་ནི་དེ་གིས་ གོ་སྐབས་འདུག་ཟེར་ཨིན་པས།
ཨིན་རུང་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་ལུ་འབད་བ་ཅིན་ རྒྱ་རེད་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡,༢༣༣ ཡོད་རུང་ མི་སེར་ཚུ་གིས་ སླབ་མིའི་ནང་ བཙན་མཁར་རྒེད་འོག་ནང་ ཚོགས་རྒྱན་པ་༢,༢༣༤ དེ་ཅིག་ཡོད་མི་ཚུ་གིས་ རྒྱབ་སྐྱོར་དང་ གཞན་ཡང་ ཁོ་ར་ རྫོང་ཁག་དེ་ནང་ འབྲུག་གློག་མེ་ལས་འཛིན་ནང་ཕྱག་ཞུ་བའི་སྐབས་ལུ་ མི་སེར་གྱི་སྐྱིད་སྡུག་ལེགས་ཤོམ་སྦེ་ལྟ་ཡོདཔ་ལས་ ཁོ་ལུ་ཚོགས་རྒྱན་འཐོབ་ནིའི་གོ་སྐབས་ སྦོམ་ཡོད་ཟེར་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་རུང་ མཐའན་མཇུག་ར་ སྤྱི་ཟླ་འདི་གི་ཚེས་༢༣ ལུ་ གྲུབ་འབྲས་ཀྱི་གསལ་བཤད་འབདཝ་ད་ ཤེས་ཚུགས་ནི་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment