གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་གསར་པའི་ ངོ་སྤྲོད་དང་འབྲེལ་ རྫོང་ཁག་ཡིག་ཚང་ སྒོ་འབྱེད་འབད་ཡོདཔ།

༢༩/༤/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ཨོ་ལ་ཁ་ལུ་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ཡོད་མི་ སྒྲིང་ཁྱིམ་ནང་སྦེ་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་ཡིག་ཚང་ སྒོ་འབྱེད་འབད་མི་དང་འབྲེལ་ ཐིམ་ཕུ་སྨད་ཀྱི་ འདེམས་ངོ་ཡང་ ངོ་སྤྲོད་འབད་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ འདེམས་ངོ་གསརཔ་ རྟ་མགྲིན་དབང་མོ་ལུ་ ཁ་དར་བཏགས་པའི་བསྒང་།


འདེམས་ངོ་དེ་ཡང་ ལུང་བསྟན་ཕུག་ལས་ སྐྱེས་ལོ་༣༨ འབད་མི་ རྟ་མགྲིན་དབང་མོ་ཨིནམ་ད་ ཡིག་ཚང་སྒོ་འབྱེད་སྐབས་ འབྲེལ་གཏོགས་འབད་མི་ ཚོགས་པའི་རྒྱབ་སྐྱོར་པ་༡༠༠ ལྷགཔ་ཅིག་ལུ་ འདེམས་ངོ་ཨམ་སྲུ་དེ་ ངོ་སྤྲོད་འབད་ཡོདཔ་ཨིན་པས།
སྲིད་ཚོགས་དེ་གི་དོན་ལུ་ ཐིམ་ཕུའི་འདེམས་ངོ་༢ ཆ་ར་ ཨམ་སྲུ་ཨིནམ་ད་ ཐིམ་ཕུ་སྟོད་ཀྱི་ འདེམས་ངོ་དེ་ སྐྱེས་ལོ་༤༥ འབད་མི་ སངས་རྒྱས་མཚོ་སྐྱིད་ཨིན་པས།
འདེམས་ངོ་༢ ཆ་ར་གིས་ སློབ་གྲྭའི་སློབ་དཔོན་འབད་ ལོ་ངོ་༡༥ རེ་ ཕྱག་ཞུ་ཡོདཔ་ད་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཤེས་ཚད་ཅན་གྱིས་ འདེམས་ངོ་༢ ཐོབ་ཚུགས་མི་ལུ་བརྟེན་ སེམས་དགའ་ཡོདཔ་མ་ཚད་ ཐིམ་ཕུའི་ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ འདེམས་ངོ་༢ ལུ་ ངོས་ལེན་ལེགས་ཤོམ་ འབྱུང་ཚུགས་པའི་རེ་བ་དང་ རྒྱལ་ཁབ་མཐའ་དབུས་མེད་པའི་ ཨམ་སྲུ་དང་ ན་གཞོན་ཚུ་གིས་ དཔེ་བལྟ་ས་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཁོང་༢ ཀྱིས་ སྲིད་ཚོགས་དེ་ གདམ་ཁ་རྐྱབ་དགོ་མི་དེ་ཡང་ འདས་པའི་སྤྱི་ཚོགས་ནང་ འཐུས་མི་གྱངས་ཁ་ ཉུང་སུ་ཅིག་ལས་མེད་རུང་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ བཏོན་ཚུགས་མི་ལུ་བལྟ་སྟེ་ ཨིན་ཟེར་ཨིན་པས།
ཉིནམ་དེ་ཁར་ སྲིད་ཚོགས་དེ་གིས་ ཐིམ་ཕུ་ལུ་ ན་གཞོན་ཡིག་ཚང་ཅིག་ཡང་ སྒོ་འབྱེད་འབད་དེ་ དེ་གི་དོན་ལུ་ འགོ་འདྲེན་པ་ཅིག་ཡང་ གསར་བསྐོ་འབད་ཡོདཔ་ཨིན་པས།
རྟ་མགྲིན་དབང་མོ་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོད་པའི་ཁར་ ཨཱསི་ཊེ་ལི་ཡ་གི་རྒྱལ་ས་ སིཌི་ནི་ལུ་ཡོད་པའི་ ནིའུ་ཀེ་སཱལ་ གཙུག་ལག་སློབ་སྡེ་ལས་ ཤེས་རིག་ནང་ གཙུག་ལག་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་༡༩༩༧ ལུ་ སློབ་གྲྭ་ཆུང་བའི་ སློབ་དཔོན་སྦེ་སྡོད་དེ་ སྤྱི་ལོ་༢༠༠༨ ལུ་ མཐོ་རིམ་ཤེས་ཚད་དང་༢༠༡༠ ལུ་ གཙུག་ལག་མཐོ་རིམ་ཤེས་ཚད་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ མོ་གིས་ ན་ལོན་སེམས་ཁམས་གོང་འཕེལ་གྱི་ སློབ་སྦྱོང་བྱིན་མི་སྦེ་ ལཱ་འབད་ཡོདཔ་མ་ཚད་ ཆུ་དང་ གཙང་སྦྲ་འཕྲོད་བསྟེན་གྱི་ སྦྱོང་བརྡར་བ་ཚུ་ལུ་ སྦྱོང་བརྡར་བྱིན་མི་འབད་ཡང་ སྡོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་འོག་མ་འབད་སྡོད་དེ་ ད་རེས་ སྲིད་ཚོགས་ནང་ འབྲེལ་གཏོགས་ འབད་ཡོདཔ་ཨིན་པས།
རྟ་མགྲིན་དབང་མོ་གིས་ བཤད་མིའི་ནང་ མོ་གིས་ འབྲུག་པའི་ན་གཞོན་ཚུ་ལུ་ བློ་གཏད་སྦོམ་ཡོདཔ་བཞིན་དུ་ ན་གཞོན་ཚུ་གིས་ ང་བཅས་རའི་ རེ་འདོད་དང་འཁྲིལ་ ལཱ་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ ད་རེས་ཀྱི་གནས་སྟངས་ལུ་བལྟ་བ་ཅིན་ ན་གཞོན་གྱི་གནས་སྟངས་ཚུ་ ཨ་རྟག་ཧར་ལུགས་སྦེ་ ཡོདཔ་ཨིན་རུང་ ན་གཞོན་དང་འབྲེལ་འི་ གནད་དོན་ལེ་ཤ་ཅིག་ར་ ལེགས་ཤོམ་སྦེ་ བལྟ་དགོཔ་མཐོངམ་མས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment