གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྟ་བཤལཔ་ཚུ་གི་དོན་ལུ་ ལྟ་བཤལ་ལམ་སྟོན་དཔེ་དེབ་ གསར་བཏོན་འབད་ནི།

༢༧/༤/༢༠༡༣   ༉ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ནང་ ལྟ་བཤལ་གྱི་ གྱང་ཁ་ཡར་ཕར་སོང་མི་དང་འབྲེལ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གྱི་ འཕྲུལ་ཁང་བཟུམ་ རྐྱངམ་གཅིག་མེན་པར་ རྒྱལ་ཁབ་གཅེས་འཛིན་འབད་ནི་ལུ་ཡང་ གྱུར་ཡོདཔ་སྦེ་ཨིན་པས།


མ་གཞི་ ལྟ་བཤལ་ཚུ་ལུ་བརྟེན་ རྒྱལ་ཁབ་གཅེས་འཛིན་འབད་ནི་ལུ་ ཕན་ཐོགས་ཡོདཔ་བཟུམ་སྦེ་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་སྦོམ་ཡོད་རུང་ རང་ལུགས་ཀྱི་ ཁྱད་ཆོས་བཟང་པོ་ ལམ་ལུགས་སྲོལ་ཚུ་ཡང་ ལྟ་བཤལ་ལུ་བརྟེན་ མར་ཉམས་འགྱོ་བའི་ཁར་ རང་བཞིན་གནས་སྟངས་ལུ་ཡང་ གནོད་ཉེན་ལེ་ཤ་བྱུང་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འོང་མི་ ལྟ་བཤལ་ལུ་བརྟེན་ རྒྱལ་ཁབ་དང་མི་སེར་ལུ་ གནོད་ཉེན་ཡོད་པའི་ བྱ་ངན་སྔོན་འགོག་འབད་ནིའི་དོན་ལུ་ ཕན་ཐོགས་ཚུགས་པའི་ འཆར་གཞི་དང་སྲིད་བྱུས་ ལམ་སྟོན་ དེ་ལས་ འཛིན་སྐྱོང་ལེགས་ཤོམ་འབད་ཐབས་ལུ་ རྒྱལ་ཁབ་ནང་ སྡོད་པའི་རིང་ ལྟ་བཤལ་ལམ་སྟོན་དཔེ་དེབ་ཅིག་ གསར་བརྩོམ་འབད་ནི་ཨིན་པས།
ལྟ་བཤལ་ཚུ་གིས་ རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་དང་ རང་བཞིན་གནས་སྟངས་ དེ་ལས་ རྒྱལ་ཁབ་ཀྱི་རང་དབང་ལུ་ ཉེན་ཁ་མི་འོང་ནིའི་དོན་ལུ་ གསར་རྩོམ་འབད་ནི་ཨིན་མི་ ལྟ་བཤལ་ལམ་སྟོན་དཔེ་དེབ་དང་འཁྲིལ་ ལྟ་བཤལཔ་ཚུ་གིས་ འབད་ཆོག་མ་ཆོགཔ་ཚུ་ ཤེས་རྟོགས་འབྱུང་སྟེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ མི་སྡེའི་ཞབས་ཏོག་ རང་བཞིན་གནས་སྟངས་ དེ་ལས་ ལམ་སྲོལ་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།
དེ་འབདཝ་ལས་བརྟེན་ ནགས་ཚལ་དང་རྒྱལ་ཡོངས་ཞབས་རྟོག་ལས་ཁུངས་ལས་ རང་བཞིན་བསྐྱར་གསོ་དང་སྐྱེ་ལྡན་ལྟ་བཤལ་ལས་སྡེ་གིས་ འགོ་འདྲེན་འཐབ་ཐོག་ལས་ ཉིནམ་གྲངས་༢ ཀྱི་རིང་ལུ་ ནགས་ཚལ་འགོ་དཔོན་ཡིག་ཚང་ཚུ་ལས་ མི་གྲངས་༥༠ འབད་མི་ནགས་ཚལ་ལས་བྱེདཔ་ཚུ་གིས་ སྐྱེ་ལྡན་འཆར་གཞི་དང་ འཛིན་སྐྱོང་གི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༩ དང་༡༠ ལུ་ དམ་ཇི་ལུ་སྦེ་ གོ་བསྡུར་ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།
གོ་བསྡུར་ཞལ་འཛོམས་འཚོགས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྐྱེ་ལྡན་ལྟ་བཤལ་ལམ་སྟོན་དཔེ་དེབ་ཀྱི་དོན་ལུ་ འཆར་གཞི་དང་སྲིད་བྱུས་ དེ་ལས་ ཕན་ཐོགས་ཚུགས་པའི་ ལཱ་འབད་ནིའི་ཐབས་ཤེས་ལུ་ འབྲེལ་བ་ཡོད་པའི་ ནགས་ཚལ་འགོ་དཔོན་དང་ ལས་བྱེདཔ་ཚུ་གིས་ ལྟ་བཤལ་ཚུ་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་སྲུང་སྐྱོབ་ཞབས་ཏོག་གི་ས་ཁོངས་ནང་ འབད་ཆོག་མ་ཆོག་གི་དོན་ལུ་ཨིན་པས།
གྲོས་བསྟུན་ཡང་ དོན་ཚན་༤ ཐོག་ལུ་འབད་ཡོདཔ་ད་ དེ་ཡང་ དང་པ་ར་ ལྟ་བཤལ་ལམ་སྟོན་དེབ་ཆུང་དེ་ འཆར་གཞི་བརྩམ་དགོ་པའི་སྲིད་བྱུས་དང་ ལྟ་བཤལ་ཚུ་ རྒྱལ་ཡོངས་སྲུང་སྐྱོབ་ས་ཁོངས་ལས་ རེ་འདོད་ག་ཅི་ཡོདཔ་ཨིན་ན་ གཉིས་པ་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་སྲུང་སྐྱོབས་ས་ཁོངས་ནང་ སྐྱེ་ལྡན་ལྟ་བཤལ་གོང་འཕེལ་གྱི་ཚད་གཞི་ གསུམ་པ་ སྐྱེ་ལྡན་ལྟ་བཤལ་གོང་འཕེལ་གཏང་དགོ་པའི་དམིགས་ཡུལ་ དེ་ལས་ སྐྱེ་ལྡན་ལྟ་བཤལ་གྱི་ལས་འགུལ་དོན་ལུ་ ཞིབ་དཔྱད་དང་ འཆར་གཞིའི་ལས་རིམ་ཚུ་གི་སྐོར་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
རང་བཞིན་བསྐྱར་བཟོ་དང་ སྐྱེ་ལྡན་ལྟ་བཤལ་ལས་སྡེ་གིས་ གསར་བཏོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ སྲུང་སྐྱོབས་ས་ཁོངས་ཚུ་ནང་ ལྟ་བཤལཔ་ཚུ་ལུ་བརྟེན་པའི་ གནོད་སྐྱོན་དང་བྱ་ངན་ མར་ཕབ་འབད་ཐབས་ཀྱི་དོན་ལུ་ ལྟ་བཤལ་ལམ་སྟོན་དེབ་ཆུང་བརྩམ་ནི་ཨིནམ་བཞིན་དུ་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་བྱིན་ནི་དང་ འཕྲུལ་རིགས་ དེ་ལས་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་ གྲོགས་རམ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་སྲུང་སྐྱོབས་ས་ཁོངས་ག་རའི་དོན་ལུ་ རང་བཞིན་བསྐྱར་བཟོ་དང་སྐྱེ་ལྡན་ལྟ་བཤལ་ལས་སྡེ་གིས་ གྲོས་བསྟུན་ཞལ་འཛོམས་འཚོགས་ཐོག་ལས་ ལྟ་བཤལ་ལམ་སྟོན་སྲིད་བྱུས་དང་ འཆར་གཞི་ཚུ་བརྩམ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment