གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་ཡོདཔ།

༣༠/༤/༢༠༡༉ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་ཡོདཔ་ལས་ འདེམས་ངོའི་གྱངས་ཁ་༤༣ ལུ་ ལྷོད་ཡོདཔ་བཞིན་དུ་ ལྷག་ལུས་ འདེམས་ངོ་༤ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་ནི་ཨིན་པས།


 རུ་བི་ཀ་ གུ་རུང་།
སྐྱེས་ལོ་༤༧ ལང་མི་ རུ་བི་ཀ་ གུ་རུང་དེ་ རྒྱལ་ཁབ་ནང་ ཨམ་སྲུ་བཟོ་རིག་འགོ་དཔོན་ དང་པ་ཨིནམ་ད་ མོ་གིས་ པག་ལི་ བསམ་རྩེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
མོ་གིས་ ལཱ་གཡོག་དང་ ཁྱིམ་བཟོ་ལས་ཁུངས་ནང་ ལོ་༦ གི་རིང་ ཕྱག་ཞུ་བའི་ཤུལ་ལུ་ སྒེར་གྱི་ གྲོས་བསྟུན་ལས་སྡེ་ཅིག་ནང་ བཟོ་རིག་གྲོས་བསྟུན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
རུ་བི་ཀ་ གུ་རུང་གིས་ བསམ་རྩེ་ཁྲོམ་གྱི་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ལྟ་བ་དང་ གྲུབ་འབྲས་ཚུ་ལུ་བརྟེན་ མོ་ར་ ཚོགས་པ་དེ་ནང་ བཅའ་མར་གཏོགས་ནི་ བློ་ཐག་བཅད་ཅི་ཟེར་ཨིན་པས།







ཌོག་ཊར་ དགའ་མདོག་ཚེ་རིང་།
གསོ་བའི་ལྷན་ཁག་གི་ དྲུང་ཆེན་བགྲེསཔ་ སྐྱེས་ལོ་༥༤ ལང་མི་ ཌོག་ཊར་དགའ་མདོག་ཚེ་རིང་གིས་ ཧཱ་ སྦྱིས་དཀར་ཚོ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ རྒྱ་གར་ པཱན་ཇབ་ལས་ སྨན་དང་གཤག་བཅོས་ནང་ མཐོ་རིམ་ཤེས་ཡོན་སྦྱངས་ཡོདཔ་མ་ཚད་ ཐའི་ལེནཌི་ལས་ མི་སྡེའི་གསོ་བ་ནང་ གཙུག་ལག་མཐོ་རིམ་གྱི་ཤེས་ཡོན་ སྦྱངས་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ གསོ་བའི་ལས་ཁུངས་ནང་ ལཱ་གི་ཉམས་མྱོང་ ལོ་ངོ་མང་རབས་ཅིག་ཡོདཔ་མ་ཚད་ ཧེ་མ་ འགྲམ་ཕུག་དང་ དབང་འདུས་ཕོ་བྲང་ ཀྲོང་གསར་ པདྨ་དགའ་ཚལ་ དེ་ལས་ ཐིམ་ཕུ་གི་ རྫོང་ཁག་གསོ་བའི་ འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།








དར་མགོ་ཚེ་རིང་།
ཤེས་རིག་དང་ འཛིན་སྐྱོང་ནང་ ཉམས་མྱོང་ཡོད་མི་ དར་མགོ་ཚེ་རིང་གིས་ ཚོགས་པའི་འདེམས་ངོ་སྦེ་ ས་མར་དང་གསང་སྦས་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ དར་མགོ་ཚེ་རིང་གིས་ སྤ་རོ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ལས་ སློབ་དཔོན་སློབ་སྦྱོང་པ་ དྲག་ཤོས་ཐོབ་ཡོདཔ་མ་ཚད་ རྫོང་ཁ་སླབ་ཐངས་ དྲག་ཤོས་ཐོན་ཡོདཔ་ཨིན་པས།
དར་མགོ་ཚེ་རིང་གིས་ རྒྱ་གར་ལས་ ཤེས་རིག་ནང་ མཐོ་རིམ་ཤེས་ཡོན་མཐར་ འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ མཐོ་རིམ་ཤེས་ཡོན་དེ་ སེམས་རྟོགས་ཁ་ སྐད་ཡིག་དང་ལམ་སྲོལ་སློབ་སྦྱོང་སྤེལ་ཁང་ལས་ ལྷབ་ཡོདཔ་ཨིན་པས།








མགོན་པོ་ཚེ་རིང་།
གཞལམ་སྒང་ བར་དོ་ཀྲོང་འདེམས་ཁོངས་ལས་ ལཱ་གི་ཉམས་མྱོང་ལོ་ངོ་༡༧ ཡོད་མི་ མགོན་པོ་ཚེ་རིང་གིས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
མགོན་པོ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ རྒྱལ་ཁབ་ནང་ ལྟ་བཤལཔ་པའི་གྱངས་ཁ་ ཡར་སེང་འབད་ནི་དང་ ལམ་སྲོལ་དང་ སོ་ནམ་ཡར་རྒྱས་གཏང་ནིའི་ནང་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
ཁོ་གིས་ སྤྱི་ལོ་༡༩༩༥ ལུ་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་པའི་ཤུལ་ལུ་ སྒེར་སྡེ་ནང་ ལོ་ངོ་༡༢ ཀྱི་རིང་ ལཱ་འབད་ཡོདཔ་ཨིན་པས།









ཨུ་ད་ཡ་ ཅཱན་ད་ བཱན་ད་རི།
སྐྱེས་ལོ་༤༦ ལང་མི་ ཨུ་ད་ཡ་ ཅཱན་ད་ བཱན་ད་རི་གིས་ རྩི་རང་ པ་ཊ་ལེ་སྟོད་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ ཚོགས་པའི་ འཐུས་མི་བགྲེསཔ་ ནཱར་བྷ་དུར་ གུ་རུང་གི་ཚབ་ལུ་ ཐོནམ་ཨིན་པས།
ཨུ་ད་ཡ་ ཅཱན་ད་ བཱན་ད་རི་གིས་ རྒྱ་གར་ རོར་ཀི་གཙུག་ལག་སློབ་སྡེ་ལས་ བཟོ་རིག་ནང་ གཙུག་ལག་མཐོ་རིམ་ མཐར་འཁྱོལ་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་བགྲེསཔ་ དྲགོས་ ནཱར་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ འདེམས་ངོ་གསརཔ་ ཨུ་ད་ཡ་ ཅཱན་ད་ བཱན་ད་རི་གིས་ གཡུས་ཁའི་མི་སེར་ཚུ་གི་ དཀའ་ངལ་ལེགས་ཤོམ་སྦེ་ ཧ་གོ་མི་ཨིན་ལས་ མི་སེར་ལུ་ ཞབས་ཏོག་ལེགས་ཤོམ་ སྤྲོད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment