གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ ལྕོགས་གྲུབ་བལྟ་ནིའི་དོན་ལུ་ འདེམས་ངོ་གསརཔ་ལུ་ གོ་སྐབས་སྤྲོད་ཡོདཔ།

༢༦/༤/༢༠༡༣   ༉ ལྷུན་རྩེཔ་ཚུ་གིས་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འབད་ཚུགས་མི་དེ་ལུ་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
བཙག་འཐུ་གྲུབ་མི་ བསྟན་པ་རྡོ་རྗེ།


མི་སེར་ཚུ་གིས་ སླབ་མིའི་ནང་ མཁོ་མ་རྒེད་འོག་ལས་ འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་དང་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་གཉིས་ལས་ འཐུས་མི་གསརཔ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ གནད་དོན་གཞན་ག་ནི་ཡང་མེད་རུང་ ཚར་གཅིག་སོར་བལྟ་བ་ཅིན་ གནས་སྐབས་གསརཔ་དང་ འགྱུར་བ་གསརཔ་ཚུ་ འབག་འོང་བཅུག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
བཙན་མཁར་རྒེད་འོག་ལས་ སྐྱེས་ལོ་༤༣ ལང་མི་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ཡང་ འཐུས་མི་གསརཔ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ འཐུས་མི་བགྲེསཔ་ལུ་ ལྕོགས་གྲུབ་མེདཔ་མིན་པར་ མཐའ་ཟུར་གྱི་ སྐྱིད་སྡུག་བལྟ་ནིའི་དོན་ལུ་ བསྟན་པ་རྡོ་རྗེ་དྲག་ནི་བཟུམ་ཅིག་ ཚོར་ཡོདཔ་ལས་ ཁོ་ལུ་ཚོགས་རྒྱན་བཙུགས་ཡི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ བསྟན་པ་རྡོ་རྗེ་གིས་ ཁས་བླངས་འབད་མི་ཚུ་གི་ནང་ལས་༡ མི་སེར་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཚོགས་སྡེའི་འགན་ཁུར་མེན་རུང་ མཁོ་མ་ཆུ་ལུ་ གློག་མེ་ལས་འགུལ་ཅིག་ གཞུང་གསརཔ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལུ་ འགོ་བཙུགས་ནི་ཨིན་ཟེར་ སླབ་མི་དེ་ ཁ་དང་ལགཔ་ རྟགས་མཐུན་མི་མཐུན་བལྟ་ནི་ཟེར་ཨིན་པས།
ལྷུན་རྩེ་ཁྲོམ་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ད་ཚུན་ ཡར་དྲག་མ་འགྱོ་བར་ལུས་མི་ ལྷུན་རྩེ་ཁྲོམ་དེ་ ཡར་རྒྱས་གཏང་དགོཔ་ཡོདམི་དེ་ བཙག་འཐུ་གྲུབ་མི་ བསྟན་པ་རྡོ་རྗེ་གིས་ འབད་ཚུགས་པའི་རེ་བ་སྦོམ་ཡོད་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ འདེམས་ངོ་གསརཔ་ལུ་ གོ་སྐབས་སྤྲོད་མི་དེ་ཡང་ འཐུས་མི་བགྲེསཔ་ལུ་ ལྕོགས་གྲུབ་མེདཔ་ལས་བརྟེན་མེན་པར་ གསརཔ་གི་ལྕོགས་གྲུབ་ ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་དང་ བསྟན་པ་རྡོ་རྗེ་གིས་ ཧེ་མ་ ལྷུན་རྩེ་རྫོང་ཁག་ནང་ གློག་མེ་ཞབས་ཏོག་སྡེ་ཚན་གྱི་ འཛིན་སྐྱོང་འགོ་དཔོན་སྦེ་ ལཱ་འབད་བའི་སྐབས་ལུ་ མི་སེར་ཚུ་ལུ་ སྐྱིད་སྡུག་ལེགས་ཤོམ་སྦེ་ བལྟ་ནི་དེ་གིས་ཨིན་ཟེར་ཨིན་པས།
བསྟན་པ་རྡོ་རྗེ་གིས་ རྒེད་འོག་༨ ཡོད་པའི་གྲས་ལས་ ཚོགས་རྒྱན་མཐོ་ཤོས་དེ་ བཙན་མཁར་རྒེད་འོག་ལས་༦༤༨ ཐོབ་ཡོདཔ་ད་ སྒང་ཟུར་རྒེད་འོག་ལས་༤༤༨ དང་ ཁོ་རའི་རྒེད་འོག་ལས་ ཚོགས་རྒྱན་༣༨༤ དང་ སྨན་སྦིས་རྒེད་འོག་ལས་༣༡༥ སྨད་ཚོ་དང་ སྨིན་རྒྱས་རྒེད་འོག་ལས་༢༧༠ རེ་ དེ་བཟུམ་སྦེ་ ཀུར་སྟོད་རྒེད་འོག་ལས་༡༨༡ དང་ ཉུས་ཤོས་ར་ མཁོ་མ་རྒེད་འོག་ལས་༩༦ ཐོབ་ཡོདཔ་ཨིན་པས།
འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱིས་ ཚོགས་ རྒྱན་མཐོ་ཤོས་ར་ མཁོ་མ་རྒེད་འོག་ལས་༤༤༠ ཐོབ་མི་དེ་ཨིནམ་ད་ སྨན་སྦིས་རྒེད་འོག་ལས་༣༢༡ སྒང་ཟུར་དང་ བཙན་མཁར་རྒེད་འོག་ལས་ ཚོགས་རྒྱན་༢༤༣ དང་ སྨན་རྒྱས་རྒེད་འོག་ལས་༡༧༣ སྨད་མཚོ་རྒེད་འོག་ལས་༡༢༥ དང་ ཀུར་སྟོད་རྒེད་འོག་ལས་༡༠༦ དམའ་ཤོས་ར་ རྒྱ་རེད་རྒེད་འོག་ལས་ ཚོགས་རྒྱན་༤༠ ཐོབ་ཡོདཔ་ཨིན་པས།
བསྟན་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་ རྫོང་ཁག་ནང་ མི་སེར་ཚུ་དང་གཅིག་ཁར་ ལོ་ངོ་མང་རབས་ཅིག་ ལཱ་འབད་ཡོདཔ་ལས་ མི་སེར་ཚུ་གིས་ སྐྱིད་སྡུག་དང་གནས་སྟངས་ ལེགས་ཤོམ་སྦེ་ར་ ཧ་གོ་ནི་དེ་གིས ཕྱག་ཕྱིད་གང་དྲག་ཞུ་ནིའི་ ཁས་བླངས་ཡོད་ཟེར་ཨིན་པས།
རིག་འཛིན་རིག་འཛིན་གྱིས་ སླབ་མིའི་ནང་ ཁོ་གིས་ མི་སེར་ཚུ་གི་ རེ་འདོད་བསྐང་ནིའི་དོན་ལུ་ ལོག་སྟེ་ར་ སྤྱི་ཚོགས་༢ པའི་རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ བཅའ་མར་གཏོགས་ཏེ་ གདམ་ཁ་སྤྲོད་ཅི་ཟེར་ཨིན་པས།
ཨིན་རུང་ བཙག་འཐུ་གྲུབ་མ་ཚུགསཔ་ལས་ ད་ལས་ཕར་ སྲིད་དོན་ཚོགས་པ་ནང་ འཛུལ་ནིའི་རེ་བ་ཡང་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment