གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་གིས་ སློབ་དཔོན་བགྲེསཔ་ཅིག་ བཙག་འཐུ་འབད་ཡོདཔ།

༢༥/༤/༢༠༡༣   ༉ སྤུ་ན་ཁ་རྫོང་ཁག་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ རིག་འཛིན་རྡོ་རྗེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ རྒྱལ་ཁབ་ཐོབ་མི་དེ་ ཉམས་མྱོང་དང་ ལྕོགས་གྲུབ་ཡོད་པའི་ཁར་ མི་སེར་ཚུ་ལུ་ ཁས་བླངས་ལེགས་ཤོམ་འབད་ནི་དེ་གིས་ ཨིནམ་འོང་ནི་ཨིན་པས།
བཙག་འཐུ་གྲུབ་མི་ རིག་འཛིན་རྡོ་རྗེ།


སྐྱེས་ལོ་༤༩ ལང་མི་ རིག་འཛིན་རྡོ་རྗེ་གིས་ ཚོགས་རྒྱན་༣,༤༤༩ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་ལུ་དོ་འགྲན་འབད་མི་ རྟ་ལོག་ལས་ སྐྱེས་ལོ་༣༡ ལང་མི་ རིག་འཛིན་རྡོ་རྗེ་གིས་ ཚོགས་རྒྱན་༢,༧༦༤ ཐོབ་ཡོདཔ་ད་ བརྒྱ་ཆ་ལས་བཅད་པ་ཅིན་ རིག་འཛིན་རྡོ་རྗེ་གིས་ ཚོགས་རྒྱན་བརྒྱ་ཆ་༦༣ ཐོབ་ཡོདཔ་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་བཙག་འཐུ་གྲུབ་ཚུགས་མི་དེ་ མི་སེར་ཚུ་གིས་ ཁོ་ལུ་རྒྱབ་སྐྱོར་འབད་ནི་དེ་གིས་ཨིནམ་ལས་ ཁོ་གི་ཧོངས་ལས་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ ཁོ་གིས་ཁས་བླངས་འབད་མི་ཚུ་ འགྲུབ་ནི་ལུ་ གཙོ་བཏོན་ནི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚོགས་སྡེའི་ཕྱག་འགན་ངོ་མ་ར་ ཁྲིམས་བཟོ་དང་ བསྐྱར་ཞིབ་འབད་ནི་དེ་ཨིནམ་ལས་ ད་ལས་ཕར་ ཁྲིམས་ག་བཟུམ་བརྩམ་རུང་ དྭངས་གསལ་ཅན་དང་ རྒྱལ་ཁབ་ལུ་ཕན་ཐོགས་མི་ཅིག་ བརྩམ་ནི་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ཀྱི་ལམ་སྲོལ་ རང་ལུགས་ཀྱི་གྱོན་ཆས་དང་ གཞུང་སྐད་རྫོང་ཁ་ཚུ་ གོང་འཕེལ་གཏང་སྟེ་ ཉམས་སྲུང་འབད་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིནམ་ད་ དེ་ཚུ་ རྒྱལ་ཁབ་ཀྱི་ངོ་རྟགས་ངོ་མ་ཅིག་ ཨིན་ཟེར་ཨིན་པས།
རིག་འཛིན་རྡོ་རྗེ་ལུ་ རྒྱབ་སྐྱོར་འབད་མིའི་གྲས་ལས་ སློབ་ཕྲུག་ཨ་ལུ་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ཚོགས་རྒྱན་དེ་རིག་འཛིན་རྡོ་རྗེ་ལུ་ བཙུགས་པའི་ཤུལ་ལས་ བཙག་འཐུ་གྲུབ་མི་ལུ་བརྟེན་ རྒྱལ་ཁབ་དང་མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྣམ་རྒྱལ་རྡོ་རྗེ་དེ་ ད་ལྟོ་ ལོ་ན་གཞོན་པའི་ཁར་ ལྕོགས་གྲུབ་ཡང་ ཡོདཔ་བཟུམ་མཐོང་ནི་དེ་གིས་ ཁོ་ལུ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་རུང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ སེམས་མ་དགའ་ཟེར་ སླབ་མི་ཡང་ ཐོན་ཡོདཔ་ཨིན་པས།
སྤུ་ན་ཁ་རྫོང་ཁག་ནང་ རྒེད་འོག་༡༡ ཡོད་ས་ལས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༡༤,༦༤༡ ཡོདཔ་ད་ དེ་ནང་ བཙག་འཐུའི་སྐབས་ལུ་ མི་གྲངས་༥,༤༠༤ གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment