གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་ཚད་ལྡན་པའི་འབྲུག་མི་ བརྒྱ་ཆ་༤༥.༡༧ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ།

༢༤/༤/༢༠༡༣   ༉ ཁ་ཙ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༢༠ བཙག་འཐུ་འབད་ནིའི་དོན་ལས་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ འབྲུག་མི་བསྡོམས་༣༧༩,༨༡༩ ལས་༡༧༡,༥༦༤ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།


ཚོགས་རྒྱན་ཡོངས་བསྡོམས་ལས་༢༣,༩༦༧ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ ལྷག་ལུས་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བཙུགས་ཡོདཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ལུ་ལྟཝ་ད་ འདི་བ་མངམ་སྦེ་ འོང་བའི་རེ་བ་བསྐྱེད་ཡི་ཟེར་ཨིནམ་ད་ མི་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དང་ཕྱདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ལུ་ གལ་གནད་གངམ་མི་བྱིན་པས་ཟེར་ཨིན་པས།
གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་རུང་ དང་འདོད་བསྐྱེད་དེ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་ ཁྱད་པར་ངོ་མ་ བཟོ་འདོད་ཡོད་མི་ཚུ་ ཨིན་མས་ཟེར་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ཀྱིས་ སླབ་ཨིན་པས།
ཚོགས་རྒྱན་བཙུགས་པར་འོང་མི་ཚུ་གི་ བརྩོན་ཤུགས་ལུ་བརྟེན་ ཚོགས་སྡེའི་བཙག་འཐུ་དེ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་ཨིན་པས།
འདེམས་ངོ་༢༠ བཙག་འཐུ་གྲུབ་མིའི་གྲས་ལས་༦ འཐུས་མི་བགྲེསཔ་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment