གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་ལུ་ འཕུར་འགྲུལ་འབད་མི་གནམ་གྲུ་ རྒྱ་གར་ལུ་ ཆགས་པའི་ཤུལ་ལས་ ལོག་སྤ་རོ་ལུ་ལྷོད་ཡོདཔ།

༢༠/༤/༢༠༡༣    ༉ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ རྒྱ་གར་གྱི་གནམ་གྲུ་ ཧེ་ལི་ཀོཔ་ཊར་༢ མགར་ས་རྫོང་ཁག་ ལུང་ནག་ནང་རྒེད་འོག་ནང་ ཚོགས་རྒྱན་འགོ་དཔོན་དང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་སྦེ་ འཕུར་འགྲུལ་འབད་བའི་སྐབས་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་བརྟེན་ རྒེད་འོག་ནང་ ཆགས་མ་ཚུགསཔ་ལས་ ལོག་རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ ཧ་ཤི་མ་ར་ཁྲོམ་ནང་ ཆགས་དགོཔ་བྱུང་ཡོདཔ་ཨིན་པས།


ད་རུང་ ཁ་ཙ་ ཧ་ཤི་མ་ར་ལས་ འཕུར་འགྲུལ་འབད་བའི་སྐབས་ རྡོ་སྐྱོང་ལ་ལས་ ལོག་འོང་སྟེ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཆགས་དགོཔ་བྱུང་ཡོདཔ་ད་ གནམ་གྲུ་དེ་ རྒྱ་གར་དྲག་པོའི་དམག་སྡེ་གི་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ད་རིས་ འཕུར་འགྲུལ་འབད་ནི་གི་ དཔའ་བཅམ་ནི་མས་ཟེར་ཨིན་པས།
གནམ་གྲུ་ཧེ་ལི་ཀོབ་ཊར་༢ ནང་ ཚོགས་རྒྱན་འགོ་དཔོན་༣ དང་ ཚོགས་རྒྱན་འཕྲུལ་ཆས་༣ ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ ལུང་ནག་ནང་ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ཨིན་པས།
མ་གཞི་ གནམ་གྲུ་རེ་གིས་ འགྲུལ་པ་༢ རེ་འབག་ཚུགས་དོ་ཡོདཔ་ཨིན་རུང་ མི་༡ གི་ཚབ་ལུ་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་དགོཔ་བྱུང་ཡི་ཟེར་ རྫོང་ཁག་བཙག་འཐུ་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་སླབ་ཅི།
ཁོ་གིས་སླབ་མིའི་ནང་ གནམ་གྲུ་དེ་ ལུང་ནག་ནང་ལུ་ཆགས་ནིའི་ དཔའ་བཅམ་སྟེ་ གནམ་ཁར་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ འཕུར་སྡོད་པའི་ཤུལ་ལས་ ལོག་རྒྱ་གར་ལུ་ སོང་བའི་སྙན་ཞུ་ལྷོད་ཅི་ཟེར་ཨིནམ་ད་ གལ་སྲིད་ གནམ་གྲུ་འཕུར་མ་ཚུགས་པ་ཅིན་ རྒེད་འོག་ནང་ བཙག་འཐུ་འགོ་འདྲེན་འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།
རྒེད་འོག་ནང་ ཚོགས་རྒྱན་འགོ་དཔོན་ཚུ་ ལྷོད་མ་ཚུགས་རུང་ ཚོགས་རྒྱན་འཕྲུལ་ཆས་དེ་ ཨིན་ཅི་མིན་ཅི་ ལྷོད་དགོཔ་ཨིནམ་ད་ དེ་ཡང་ ད་ལྟོ་ ལུང་ནག་ནང་ལུ་ སློབ་གྲྭའི་སློབ་དཔོན་༦ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ རྒེད་འོག་དེ་ནང་ སྤྱིར་བཏང་གྲོས་འཛོམས་འཚོགས་པའི་སྐབས་ རྫོང་ཁག་གི་འདེམས་ངོ་༣ ལོག་གནམ་གྲུའི་ཐོག་ལས་ལེན་པར་ འགྱོ་བའི་ཞོར་ཁར་ སློབ་དཔོན་ཚུ་བཏང་ཡི་ཟེར་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲུལ་པ་ཡོད་རུང་ འཕྲུལ་ཆས་མེད་པ་ཅིན་ ཁུངས་མེད་ཟེར་ཨིནམ་ད་ ཁོང་༦ པོ་དེ་ ལུང་ནག་ནང་ སློབ་གྲྭ་ཆུང་བའི་ སློབ་དཔོན་ཨིན་པས།
ནེ་པཱལ་གྱི་ སྒེར་མི་ཅིག་གི་ གནམ་གྲུ་དེ་ གཞལམ་སྒང་རྫོང་ཁག་གི་ མཐའ་ཟུར་ས་གནས་ཅིག་ནང་ གློག་མེ་བཀྲམ་སྤེལ་གྱི་ ཅ་ཆས་ཚུ་ བསྐྱལ་ནིའི་དོན་ལུ་ སྒེར་གྱི་ལས་སྡེ་ཅིག་གིས་ གླ་ཁར་ལེན་མི་དེ་ འདེམས་ངོ་༣ གྱིས་ དངུལ་ཀྲམ་འབུམ་༡ སྤྲོད་ཐོག་ལས་ལེན་ནུག་ཟེར་ རྫོང་བདག་གིས་ བཤད་ཡོདཔ་ད་ གནམ་གྲུ་དེ་ ལུང་ནག་ནང་ལུ་ འཕུར་འགྲུལ་འབད་ནིའི་དོན་ལུ་ འདེམས་ངོ་ཚུ་གི་ཧོངས་ལས་ རྫོང་ཁག་བདག་སྐྱོང་གིས་ འབྲུག་མཁའ་འགྲུལ་ལས་ཁུངས་དང་ བསྟན་སྲུང་དམག་སྡེ་ལས་ གནང་བ་ལེན་ཡི་ཟེར་ཨིན་པས།
ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ ལུང་ནག་ནང་ལུ་ འགྱོ་སའི་ལམ་ག་ར་ ཁཝ་གིས་བཅད་དེ་ ལམ་འགྲུལ་འབད་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ སློབ་དཔོན་ཚུ་ཡང་ དགུན་གྱི་ངལ་གསོ་ལས་ ལོག་རྒེད་འོག་ནང་ ལྷོད་མ་ཚུགས་ནི་དེ་གིས་ སློབ་གྲྭ་ལོག་འགོ་བཙུགས་མ་ཚུགས་པར་ཡོད་རུང་ རྫོང་བདག་གིས་འབད་བ་ཅིན་ ཨ་རྟག་དང་ཕྱདཔ་ད་ དུས་ཅི་ སློབ་དཔོན་ཚུ་ གནམ་གྲུ་ནང་སྐྱེལ་ནི་དེ་གིས་ སློབ་གྲྭ་དེ་ ད་རེས་ཀྱི་ ཟླ་མཇུག་བསྡུ་ཁམས་ཅིག་ཁར་ ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གལ་སྲིད་ གནམ་གཤིས་གནས་སྟངས་དེ་ དེ་སྦེ་ར་ལུས་ཏེ་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགས་པ་ཅིན་ རྫོང་ཁག་ནང་ ཁྱད་ལྡན་གྱི་ གསང་བའི་ཚོགས་རྒྱན་བཙུགས་མི་ སྦོམ་ཤོས་ཅིག་ཨིན་མི་ རྒེད་འོག་གི་མི་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཚུགས་ནི་ཨིནམ་ད་ ལུང་ནག་ནང་རྒེད་འོག་ནང་ ཁྱད་ཚད་ལྡན་པའི་ གསང་བའི་ཚོགས་རྒྱན་བཙུགས་མི་༤༥༧ ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment