གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་རྫོང་ཁག་གིས་ བཙག་འཐུའི་དོན་ལུ་གྲ་སྒྲིག།

༢༣/༤/༢༠༡༣   ༉ རྩི་རང་རྫོང་ཁག་གི་ རྒེད་འོག་༡༢ ནང་ ཚོགས་རྒྱན་ས་ཁོངས་༤༢ ཡོད་མི་ཚུ་ ཆ་མཉམ་ནང་ ཁ་ཙ་ལས་ ཚོགས་རྒྱན་འགོ་དཔོན་ཚུ་ ལྷོད་ཡོདཔ་བཞིན་དུ་ ད་རིས་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོདཔ་ཨིན་པས།


རྫོང་ཁག་ནང་ བཙག་འཐུའི་དོན་ལུ་ ཚོགས་རྒྱན་འགོ་དཔོན་བསྡོམས་༡༥༢ དང་ སྲུང་སྐྱོབ་ཀྱི་དོན་ལུ་ དམག་མི་༡༧༠ འབད་མི་ སྡེ་ཚན་ཚུ་ཡང་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ལྷོད་ཡོདཔ་ཨིན་པས།
རྒེད་འོག་མང་ཤོས་ཅིག་གི་ ཚོགས་རྒྱན་ས་ཁོངས་དེ་ སོ་ནམ་ཞིང་ལམ་གྱི་ སྦོ་ལོགས་ཁར་ཡོད་རུང་ ཐག་རིང་ཤོས་ར་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ རྐང་སྟོང་འགྱོ་དགོ་པའི་ གསེར་གྱི་ཐང་རྒེད་འོག་ སེམས་ལྡན་ལྗོངས་དང་ ཕུན་བརྟན་ཆུ་རྒེད་འོག་ སྟོང་ཤིང་ཚོགས་རྒྱན་ས་ཁོངས་ཚུ་ཨིན་རུང་ ཚོགས་རྒྱན་ས་ཁོངས་མང་ཤོས་ར་ འཁོར་ལམ་ལས་ དུས་ཡུན་སྐར་མ་༣༠ ནང་ ལྷོད་ཚུགསཔ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ སྐལ་བཟང་མཚོ་མོ་གིས་ སླབ་མིའི་ནང་ བཙག་འཐུའི་དོན་ལུ་ ཚོགས་རྒྱན་འགོ་དཔོན་ཚུ་དང་གཅིག་ཁར་ ཚོགས་རྒྱན་འཕྲུལ་ཆས་ཚུ་ཡང་ ཉེན་སྲུང་དང་ལྡནམ་སྦེ་ ལྷོད་ཡོདཔ་བཞིན་དུ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་༡༢ ནང་ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༠,༩༥༣ ཡོད་པའི་ནང་ལས་ མཐོ་ཤོས་དེ་ དཀྱིལ་འཁོར་ཐང་རྒེད་འོག་ནང་༢,༢༡༩ དང་ ཉུང་ཤོས་དེ་ སྒོ་སེར་གླིང་རྒེད་འོག་ནང་༡,༤༩༤ ཨིན་པས།
དེ་ལས་ དུང་ལ་སྒང་རྒེད་འོག་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་༢,༠༠༧ དང་ མནྜལ་སྒང་རྒེད་འོག་ནང་༡,༦༣༩ སྤ་ཚ་གླིང་ལུ་༡,༦༤༣ ཕུན་བརྟན་ཆུ་ལུ་༡,༦༢༦ རང་ཐག་གླིང་ལུ་༡,༧༣༡ སེམས་ལྗོངས་ལུ་༡,༨༢༡ གསེར་གྱི་ཐང་ལུ་༡,༦༨༣ ཡོདཔ་ད་ མཐོ་ཤོས་༢ པ་དེ་ མཚོ་གླིང་མཁར་ལུ་༢,༡༤༧ དང་ རྩི་རང་སྟོད་ལུ་༡,༥༥༣ ཨིན་པས།
བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་ཡང་ མཚོ་གླིང་མཁར་དང་ དཀྱིལ་འཁོར་ཐང་ རྩི་རང་སྟོད་ མནྜལ་སྒང་ སྒོ་སེར་གླིང་ དེ་ལས་ཕུན་བརྟན་ཆུ་རྒེད་འོག་༦ ནང་ལས་ ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment