གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ གཞོནམ་ཅིག་ བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ལུ་ སྐྱེས་ལོ་༢༨ ལང་མི་ ཉི་མ་རྒྱལ་མཚན་གྱིས་ ཐིམ་ཕུ་རྫོང་ཁག་གི་ འདེམས་ངོ་སྦེ་  བཙག་འཐུ་གྲུབ་ཡོདཔ་ཨིན་པས།
མུ་ཏིག་ཐང་སློབ་གྲྭ་ཆེ་བའི་ ཚོགས་རྒྱན་ས་ཁོངས་ནང་ དྲགོས་སངས་རྒྱས་དབང་ཕྱུག་གིས་ ཚོགས་རྒྱན་བཙུགས་པའི་བསྒང་།


དེ་ཡང་ ཉི་མ་རྒྱལ་མཚན་གྱིས་ ཚོགས་རྒྱན་ཡོངས་བསྡོམས་༢༢༥༠ ཐོབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་གྲུབ་པའི་སྐབས་ ཁོ་ལུ་ དོ་འགྲན་འབད་མི་ སྨད་ཝང་རྒེད་འོག་གི་ འཐུས་མི་ སྐྱེས་ལོ་༢༧ འབད་མི་ ཚེ་རིང་བཀྲིས་ལུ་ ཚོགས་རྒྱན་༡༥༡༡ དང་ ཚེ་རིང་ལུ་ ཚོགས་རྒྱན་༡༦༢༤ བཙུགས་ཡོདཔ་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༢༡༡༣ དང་ འགྲེམ་ཐོག་ཚོགས་རྒྱན་༡༣༧ ཐོབ་ཡོདཔ་ད་ ཚེ་རིང་བཀྲིས་ཀྱིས་ འཕྲུལ་ཆས་ ཚོགས་རྒྱན་༡༤༢༧ དང་ འགྲེམ་ཐོག་ཚོགས་རྒྱན་༨༤ ཐོབ་པའི་ཁར་ ཚེ་རིང་ལུ་ འཕྲུལ་ཆས་ཚོགས་རྒྱན་༡༥༣༡ དང་ འགྲེམ་ཐོག་ཚོགས་རྒྱན་༩༣ ཐོབ་ཡོདཔ་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཆོག་མི་༥༡༨ ཡོད་མི་ལས་ མི་གྲངས་༤༡༡ གིས་ ཚོགས་རྒྱན་བཙུགས་ཡོད་རུང་ ༩༧ ཆ་མེད་བཏང་ཡོདཔ་ད་ ཉི་མ་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༣༧ དང་ ཚེ་རིང་གིས་༩༣ དེ་ལས་ ཚེ་རིང་བཀྲིས་ཀྱིས་ ཚོགས་རྒྱན་༨༤ ཐོབ་ཡོདཔ་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ རྒེད་འོག་༨ དང་ ཁྲོམ་སྡེ་ཅིག་ཡོདཔ་ད་ བསྡོམས་ཀྱིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༢,༢༠༩ ཡོདཔ་ཨིན་རུང་ ཁ་ཙ་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་མི་༥༠༧༡ དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣༢༤ ལས་ བརྒལ་མེདཔ་ཨིན་པས།
རྒྱལ་ཁབ་རང་བཙན་ཐོག་ ཡུན་བརྟན་གནས་ཐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ བཙག་འཐུ་འབད་ནིའི་དོན་ལུ་ ཆུ་ཁ་རྫོང་ཁག་ལས་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ ཐིམ་ཕུ་འབྱུང་བཞི་ནང་ལུ་ ཚོགས་རྒྱན་བཙུགས་པར་འོང་ཡི་ཟེར་ འཆི་མེད་པདྨོ་གིས་ སླབ་ཨིན་པས།
བདེ་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མ་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ ཉིནམ་གཅིག་ལུ་ ལན་ཐེངས་༢ རེ་འོང་དགོཔ་ཐོན་མི་ བཙན་སྐྱོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་ལས་ འདེམས་ངོ་༣ ཐོན་སོཔ་ལས་ ག་ལུ་བཙུགས་ནི་ཨིན་ན་མ་ཤེས་པར་ ཞིབ་དཔྱད་འབད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ མང་ཤོས་ར་ ཨམ་སྲུ་ཚུ་ཡོདཔ་ལས་ ཚོགས་རྒྱན་བཙུགས་པ་ འོང་མི་དང་ ཐིམ་ཕུ་ནང་འཁོད་ནང་སྡོད་མི་ མི་སེར་ཚུ་གི་ བསམ་འཆར་ལས་འབད་བ་ཅིན་ རྫོང་ཁག་གི་ ཕོ་སྐྱེས་ཆ་ཁྱབ་ ཚོགས་རྒྱན་བཙུགས་ནི་ལུ་ སྤྲོ་བ་མེདཔ་བཟུམ་གྱི་ དྲན་ཚོར་བྱུང་ཡི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་སྐབས་ མི་སེར་ཚུ་གིས་ སྤྲོ་བ་དང་ དང་འདོད་སྦོམ་མེད་དེ་འབད་རུང་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ འགན་འཁྲི་དང་འགན་ཁུར་ སྲིད་བྱུས་ དེ་ལས་ གོང་འཕེལ་གྱི་ལས་འགན་འབག་དགོ་ནི་དེ་གིས་ ཚོགས་རྒྱན་བཙུགས་ནི་ལུ་ དང་འདོད་བསྐྱེད་འོང་ཟེར་ཨིན་པས།
འབྲུག་རྒྱང་བསྒྲགས་དངོས་མཐོང་ རྩོད་བསྡུར་ལས་རིམ་ནང་ ཉི་མ་རྒྱལ་མཚན་གྱིས་ ད་རེས་ཀྱི་ གནས་སྟངས་ནང་ མི་མང་ཤོས་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དེ་ ཁག་ཆེཝ་མེདཔ་སྦེ་ མནོ་བསམ་བཏང་དོ་ཡོདཔ་ད་ དེ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ འདུག་ཟེར་སླབ་ཡོདཔ་ཨིན།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་གྱི་སྐོར་ལས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་གསརཔ་ཚུ་ བཟོ་ནི་མེད་རུང་ ལྷན་ཁག་དང་ ལས་ཁུངས་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་བཟོ་མི་ ཁྲིམས་ཚུ་ བསྐྱར་ཞིབ་མཛདཔ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment