གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་སྐབས་གཞུང་གིས་ ད་རིས་ལས་ ཡིག་ཚང་ནང་ འཛུལ་ཞུགས་འབད་ནི།

༢༩/༤/༢༠༡༣   ༉ འབྲུག་གི་དམངས་གཙོའི་རིང་ལུགས་དབུ་བརྙེས་ཏེ་ ལོ་༥ གི་ཤུལ་ལུ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་བྱ་རིམ་ཚུ་ གྲ་སྒྲིག་འབད་ནིའི་དོན་ལས་ གནས་སྐབས་གཞུང་གསརཔ་གིས་ ད་རིས་ རང་ཟླ་༣ པའི་ཚེས་༡༩ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༢༩ ལས་ གྲོས་དཔོན་༧ འབད་མི་ སྡེ་ཚན་ཅིག་གིས་ གནས་སྐབསགཞུང་གི་ འགན་འཁྲི་འབག་ནི་ འགོ་བཙུགསཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གནས་སྐབས་གཞུང་གི་ གྲོས་དཔོན་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་།


དེ་ཡང་ དང་པ་ར་ ད་རིས་ལས་ བློན་ཆེན་གྱིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ ཡིག་ཚང་ལས་ དགོངས་ཞུ་འབདཝ་དང་འབྲེལ་ རང་ལུགས་ཀྱི་ རྟེན་འབྲེལ་བརྩི་ཐོག་ལས་ གནས་ཡུན་ལོ་༥ ཚང་སྟེ་ དགོངས་ཞུ་བྱོན་མི་ ལྷན་གཞུང་ཚོགས་དང་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་མི་ གནས་སྐབས་ཀྱི་ གཞུང་གཉིས་ཀྱི་བར་ན་ རྩིས་སྤྲོད་ལེན་ཐོག་ལས་ གནས་སྐབས་གཞུང་གིས་ ད་རིས་དྲོ་པའི་ཆུ་ཚོད་༡༡.༣༠ ལུ་ ཡིག་ཚང་ནང་ འཛུལ་ནི་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྲིམས་སྤྱི་བློན་པོ་དང་ ཁྱད་འཕགས་ཅན་གྱི་ མི་ངོ་༦ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ འབོ་གནང་ཐོག་ལས་ གནས་སྐབས་ཀྱི་ གཞུང་བསྐོ་བཞག་གནང་ཡོདཔ་ད་ དེ་བསྒང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་ཡང་ མི་དབང་མཆོག་གི་ སྐུ་མདུན་ལུ་ འབོད་བཀུག་གནང་ནུག།
དེ་ཡང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ལོ་ངོ་༥ དེ་ སྤྱི་ལོ་༢༠༡༣ ཟླ་༤ པའི་ཚེས་༢༩ ལས་ ཧྲིལ་བུམ་ཚང་སྟེ་ བློན་ཆེན་གྱིས་གཙོས་པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ བཙག་འཐུའི་བྱ་རིམ་ནང་ གྲ་སྒྲིག་འབད་ནིའི་དོན་ལུ་ ཡིག་ཚང་ལས་ དགོངས་ཞུ་འབད་དགོ་མི་ལུ་བརྟེན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་དེ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ཁྲི་འཛིན་ ཨོམ་པར་དཱན་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་འོག་མ་ དྲགོས་པདྨ་འཕྲིན་ལས་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ ཡོངས་ཁྱབ་མདོ་ཆེན་ དྲགོས་ཀརྨ་ཨུ་ར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ འཕྲིན་ལས་རྡོ་རྗེ་ཚུ་ གྲོས་དཔོན་སྦེ་ འདེམས་བསྐོས་གནང་ཡི།
ཁྱེད་ཆ་ཁྱབ་ བཙག་འཐུའི་དུས་ཡུན་སྐབས་ འགན་འཁྲི་སྦོམ་འབག་ནིའི་དོན་ལུ་ གདམ་འཐུ་འབད་མི་དེ་ཡང་ ང་བཅས་ཀྱི་ བཙག་འཐུའི་བྱ་རིམ་ཚུ་ རང་མོས་དང་ རྣམ་དག་གི་སྒོ་ལས་ འབད་ཚུགས་ནིའི་དོན་ལུ་ཨིན་ཟེར་ མི་དབང་མཆོག་གིས་ གྲོས་དཔོན་ཚུ་ལུ་ གསུངས་པའི་ཁར་ གནས་སྐབས་ཀྱི་ གཞུང་འདི་གིས་ ད་རིས་ཀྱི་ དུས་ཚོད་ནང་ རྒྱལ་ཁབ་ལུ་ ཞབས་ཏོག་སྦོམ་སྦེ་ ཞུ་ཚུགས་པའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ གསུངས་གནང་ནུག།
མི་དབང་མཆོག་གིས་གནང་མི་ བཀའ་ཤོག་ (ཤོག་གྲངས་༢ པའི་ནང་གཟིགས) ནང་ གནས་སྐབས་གཞུང་གི་ འགན་འཁྲི་འདི་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་བསྒྲུབ་ནི་ཚུ་ རྒྱལ་ཡོངས་ཚོགས་འདུ་གསར་བཙུགས་གྲུབ་སྟེ་ བློན་ཆེན་གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་བཙུགས་པའི་ཉིནམ་ལས་ གནས་འཕྲོ་ཆདཔ་ཨིན་ཟེར་ བཀོད་གནང་ནུག།
གྲོས་དཔོན་སྤྱི་ཁྱབ་ བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ གནས་སྐབས་གཞུང་གིས་ ཉིན་གྲངས་༩༠ ལས་མ་འདས་པའི་ དུས་ཡུན་ནང་འཁོད་ལུ་ དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་གྲོས་ཆོད་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་བཅས་གང་ཡང་བཟོ་ནིའི་ ཐོབ་རིམ་མེད་ཟེར་ཨིནམ་ད་ གནས་སྐབས་ཀྱི་གཞུང་དེ་ བློན་ཆེན་ཡིག་ཚང་ནང་ལས་ བྱ་སྒོ་ཚུ་ བསྒྲུབ་ནི་ཨིན་པས།
གནད་དོན་གཉིས་པའི་ནང་ གནས་སྐབས་ཀྱི་གཞུང་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་ བཙག་འཐུ་འབད་ཚུགས་ནིའི་འགན་ཁུར་ ད་རིས་ལས་ འབག་ནི་ཨིན་ཟེར་ བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུངསམ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment