གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་༥༢.༥ ལྷོད་ཡོདཔ།

༢༥/༤/༢༠༡༣   ༉ ཧཱ་རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ བརྒྱ་ཆ་༥༢.༥ གིས་ འགྲེམ་ཐོག་དང་ མི་ངོ་བོ་སྦེ་ འོང་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ཚོགས་རྒྱན་ཡོངས་བསྡོམས་༣༢༣༣ བཙུགས་ཡོད་ས་ལས་༡༧༥༥ ཨམ་སྲུ་དང་ གཞན་མི་༡༤༧༨ ཕོ་སྐྱེས་ཨིན་པས།



སྤྱི་ལོ་༢༠༠༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༥༣༣ འོང་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་ རིག་འཛིན་དཔལ་འབྱོར་གྱིས་ ཀུན་གསལ་ལུ་བཤད་མི་དང་འཁྲིལཝ་ད་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཡར་སེང་འབད་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ མང་སུ་སྦེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
དུས་ཅི་གི་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ལུ་བལྟཝ་ད་ སེམས་དགའ་དགོཔ་བྱུང་ཡི་ཟེར་ཨིན་པས།
དབུས་སུ་ རྒཔོ་བསྟན་འཛིན་བྱམས་པ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཐག་རིང་ནི་དེ་གིས་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་དེ་ རང་བཞིན་གྱིས་ མར་བབས་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གི་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ལ་ལུ་ཅིག་ ས་གནས་ནང་ སྡོད་མི་ མེདཔ་མ་ཚད་ བརྒྱ་ཆ་༢༠ དེ་ཅིག་ སློབ་ཕྲུག་ཨ་ལུ་ཚུ་ ཨིནམ་ལས་བརྟེན་ སློབ་ཕྲུག་མང་ཤོས་ཅིག་གིས་ ཚོགས་རྒྱན་བཙུགས་པ་ མི་འོང་མས་ཟེར་ཨིན་པས།
སྐར་མཚོ་རྒེད་འོག་ལས་ ཚོང་པ་ཅིག་གིས་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་ཁའི་ མི་སེར་སོ་ནམ་པ་ མང་ཤོས་ཅིག་ ཞིང་ལཱ་ནང་ཤུགས་བཏོན་ཏེ་ དལ་ཁོམ་མེད་པར་ ལུས་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་ རང་གི་ཚོང་རྐྱབ་པར་ འགྱོཝ་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་གྱི་ མཐུན་རྐྱེན་དེ་ གཞུང་གཡོགཔ་རྐྱངམ་གཅིག་ལུ་མེན་པར་ སྒེར་གྱི་ལས་སྡེ་ནང་ ལཱ་འབད་མི་ཚུ་ལུ་ཡང་ གོ་སྐབས་བྱིན་དགོཔ་འདུག་ཟེར་ཨིན་པས།
ཨམ་གླེ་མོ་གིས་ འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ལོག་སྟེ་རང་ ཚེ་རིང་རྡོ་རྗེ་ བཙག་འཐུ་གྲུབ་མི་ལུ་ལྟ་བ་ཅིན་ ཁོ་གིས་ འདས་པའི་ ལོ་༥ ནང་ མི་སེར་ཚུ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment