གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ།

༢༢/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ ནངས་པར་ འགོ་འདྲེན་འཐབ་ནི་ཨིནམ་ལས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་མི་ འགོ་དཔོན་ཚུ་ཡང་ ཧ་ལམ་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ གྲ་སྒྲིག་འབད་དེ་ཡོདཔ་ཨིན་པས།


བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་ནང་ འབྲེལ་གཏོགས་འབད་མི་ འགོ་དཔོན་ཚུ་ལུ་ བཙག་འཐུའི་བྱ་རིམ་དང་འབྲེལ་བའི་ ཁ་གསོའི་སློབ་སྦྱོང་ཚུ་ཡང་ བྱིན་ཚར་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་༢༠ གི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༨༥༠ དང་ གནས་སྐབས་ཀྱི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡༥ ཡོད་མི་ཚུ་ནང་ འབྲེལ་གཏོགས་འབད་མི་ འགོ་དཔོན་བསྡོམས་༤,༦༥༡ ཡོད་མི་ཚུ་ཡང་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་དང་ སྲུང་རྒྱབ་ཚུ་ མ་བརྩི་བར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ དུས་ཡུན་མཐོ་ཤོས་ ཆུ་ཚོད་གཉིས་ལས་བརྒལ་ ལམ་འགྱོ་མ་དགོ་པའི་ས་ཁར་ འོང་དགོ་ནི་ཨིནམ་ད་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ཅིག་ནང་ ཚོགས་རྒྱན་བཙུགས་མི་༡,༠༠༠ དེ་ཅིག་ལས་ མེདཔ་ཨིན་པས།
ཚོགས་རྒྱན་བཙུགས་སའི་ས་ཁོངས་༨༥༠ ཡོད་ས་ལས་ མཐོ་ཤོས་ར་ བཀྲ་ཤིས་སྒང་རྫོང་ཁག་ནང་༧༩ ཡོདཔ་ད་ ཉུང་ཤོས་མགར་ས་རྫོང་ཁག་ནང་༡༡ ཡོདཔ་ཨིན་པས།
གནས་སྐབས་ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡༥ ཡོད་མི་ཚུ་གི་གྲས་ལས་ མཐོ་ཤོས་དེ་ ཆུ་ཁ་རྫོང་ཁག་ནང་༣༠ ཡོདཔ་ད་ ཉུང་ཤོས་དེ་ བཀྲ་ཤིས་སྒང་རྫོང་ཁག་ནང་༥ ཡོདཔ་ད་ ཆུ་ཁ་རྫོང་ཁག་ནང་ མཐོ་ཤོས་ཡོད་མི་དེ་ཡང་ རྫོང་ཁག་གི་ རྒེད་འོག་མང་ཤོས་ར་ ཁ་སྟོར་ཏེ་ ཡོད་ནི་དེ་གིས་ཨིན་པས།
ཀྲོང་གསར་རྫོང་ཁག་ནང་འབད་བ་ཅིན་ འབྲེལ་གཏོགས་འབད་མི་ འགོ་དཔོན་༡༠༦ ལུ་ ཁ་གསོའི་སློབ་སྦྱོང་ཚུ་ཡང་ ཁོང་རའི་འགན་ཁུར་དང་ བརྒྱུན་འཕྲིན་ཐོག་ལས་ ཚོགས་རྒྱན་གྱི་ གྲུབ་འབྲས་སྙན་ཞུ་ཚུ་ ག་དེ་སྦེ་ འབད་དགོཔ་ཨིན་ན་དང་ ཨམ་སྲུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བཙུགས་པར་འོང་མི་ ཨམ་སྲུ་ཚུ་ལུ་ ག་དེ་སྦེ་ ཞིབ་དཔྱད་འབད་དགོཔ་ཨིན་ནའི་སྐོར་ལས་ སློབ་སྦྱོང་འབད་ཡོདཔ་ཨིན་པས།
རྫོང་ཁག་ངོས་ལེན་འགོ་དཔོན་ གླེ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་འཕྲུལ་ཆས་ཚུ་ཡང་ ཞིབ་དཔྱད་འབད་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ རང་སོའི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ད་རིས་ ལྷོད་དགོཔ་ཨིན་པས།
དེ་བཟུམ་སྦེ་ ཆུ་ཁ་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ ཟླ་བ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ གདམ་འཐུ་འབད་མི་ འགོ་དཔོན་ཚུ་གི་དོན་ལུ་ ཁ་གསོའི་སློབ་སྦྱོང་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་ཨིན་པས།
ཟླ་བ་གིས་ སླབ་མིའི་ནང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ རེ་རེ་བཞིན་དུ་ ཞིབ་དཔྱད་འབད་ཡོདཔ་མ་ཚད་ ཐིའུ་རྐྱབ་སྟེ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་གཞན་ཚུ་ནང་་ཡང་ ཁ་གསོའི་སློབ་སྦྱོང་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་མ་ཚད་ འགོ་དཔོན་མང་ཤོས་ར་ རང་སོའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ལྷོད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ འདེམས་ངོ་བསྡོམས་༦༧ ཡོདཔ་ད་ དེ་ནང་ ཨམ་སྲུ་བཅའ་མར་གཏོགས་མི་༥ ཡོདཔ་ཨིན་པས།
ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༠,༠༩༩ ཡོད་མི་ལས་༣༡,༥༩༢ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment