གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགའ་བའི་གླིང་སྒྲིང་ཁྱིམ་ སྒོ་འབྱེད་འབད་ཡོདཔ།

༢༩/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ རྒྱ་གར་གྱི་གཞུང་ཚབ་ ཝི་པི་ ཧེ་རང་གིས་ ཐིམ་ཕུ་ ཝང་སི་སི་ནང་ལུ་ ནང་འཁོད་རྩུབ་སྤྱོད་ཀྱི་ ཉམས་རྒུདཔ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དགའ་བའི་གླིང་ཟེར་མི་ སྒྲིང་ཁྱིམ་ཅིག་ བཟོ་སྐྲུན་འབད་ཡོད་མི་དེ་ སྒོ་འབྱེད་མཛད་གནང་ཡི།
མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ རྒྱ་གར་གྱི་གཞུང་ཚབ་ ཝི་པི་ ཧེ་རང་གིས་ ཐིམ་ཕུ་ཝང་སི་སི་ནང་ལུ་ དགའ་བའི་གླིང་སྒྲིང་ཁྱིམ་ སྒོ་འབྱེད་མཛད་གནང་པའི་བསྒང་།


དགའ་བའི་གླིང་དེ་ ཐིམ་ཕུ་ཁྲོམ་ལས་ ཀི་ལོ་མི་ཊར་༢༥ གི་ ས་ཁར་ཨིནམ་ད་ ས་གནས་དེ་ ནགས་ཚལ་གྱི་སྦུག་ལུ་ ག་ནི་བ་ ཉམས་དགའ་ཏོག་ཏོ་སྦེ་འདུག།
དགའ་བའི་གླིང་ལུ་ ནང་འཁོད་རྩུབ་སྤྱོད་ལུ་བརྟེན་པའི་ ཉམས་རྒུདཔ་ཨམ་སྲུ་དང་ ཨ་ལུ་ཚུ་ བཞག་ནི་ཨིནམ་མ་ཚད་ བྱུང་རྐྱེན་ལུ་ བརྟེན་པའི་ ན་གཞོན་སྐྱེས་ལོ་༡༣ མན་ཆད་འབད་མི་ཚུ་ཡང་ མཐོ་ཤོས་ལོ་༡ གི་དོན་ལུ་ སྡོད་བཅུག་ནི་ཨིན་པས།
ཨམ་སྲུའི་ལྕོགས་གྲུབ་དང་ཆ་བཞག་ཡར་སྐྱེད་ལས་སྡེ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ནང་འཁོད་རྩུབ་སྤྱོད་དང་ ཆང་ལུ་བརྟེན་པའི་ ཉམས་རྒུདཔ་བཟའ་ཚང་༤,༠༠༠ དེ་ཅིག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཨམ་སྲུའི་ལྕོགས་གྲུབ་དང་ཆ་བཞག་ཡར་སྐྱེད་ལས་སྡེ་གི་ བཀོད་ཁྱབ་མདོ་ཆེན་ འཆི་མེད་དབང་མོ་གིས་ སྒོ་འབྱེད་རྟེན་འབྲེལ་འབད་བའི་སྐབས་ སླབ་མིའི་ནང་ ཨམ་ལྷ་མོ་ཟེར་མི་དེ་ ཉིནམ་ཨ་རྟག་ར་ མོ་རའི་རྨགཔ་གིས་ མོ་གཉིད་ཐལ་བའི་སྐོར་ལས་ དྲངམ་དྲང་སར་ བཞགཔ་མས་ཟེར་ཨིན་པས།
འཕྲལ་འཕྲལ་ར་ ཨམ་ལྷ་མོ་གིས་ ཞག་མ་ཉལ་བར་ རྨགཔ་སྒུག་སྡོད་རུང་ ཁོ་གིས་ མིག་སེར་བལྟ་སྟེ་ དྲང་སྟེ་ར་ བཞག་མི་ཅིག་ཨིན་མས་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་ ཨམ་ལྷ་མོ་བཟུམ་སྦེ་ ཁྱིམ་ནང་གི་ སྡུག་རྩུབ་མྱོང་མི་ ཨམ་སྲུ་དང་ཨ་ལུ་ ལེ་ཤ་ཅིག་ར་ཡོད་ཟེར་ཨིན་པས།
དགའ་བའི་གླིང་ལུ་ གསོ་བ་དང་ ལག་རྩལ་སྦྱོང་བརྡར་ དེ་ལས་ སློབ་སྟོན་གྱི་མཐུན་རྐྱེན་ཚུ་ ལེ་ཤ་ཅིག་ར་ ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་གྱིས་ གསལ་བཤད་གནང་མི་དང་འཁྲིལཝ་ད་ དགའ་བའི་གླིང་གི་ ལས་འགུལ་དེ་ རྒྱལ་ཡུམ་མཆོག་གི་དོན་ལུ་ ཁག་ཆེ་ཤོས་ཅིག་སྦེ་ བརྩིཝ་ཨིན་ཟེར་ཨིན་པས།
རྒྱལ་ཡུམ་མཆོག་གིས་ རྒྱལ་ཁབ་ཀྱི་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ གཟིགས་སྐོར་ནང་བྱོན་པའི་སྐབས་ ནང་འཁོད་རྩུབ་སྤྱོད་དང་ ཆང་ལས་བརྟེན་པའི་ ཉམས་རྒུདཔ་ཨམ་སྲུ་ལེ་ཤ་ཅིག་དང་ ཕྱད་གནང་པའི་ཤུལ་ལས་ ཁོང་ཆ་ཁྱབ་ མི་ཚེ་ཨ་རྟག་ཧར་ལུགས་སྦེ་ སྐྱོང་ནིའི་དོན་ལུ་ རྒྱབ་སྐྱོར་གང་དྲག་མཛད་གནངམ་ཨིན་པས།
རྒྱལ་ཡུམ་མཆོག་གིས་འབད་བ་ཅིན་ ཆང་གིས་ མི་གཅིག་ལུ་ གནོདཔ་བཀལ་ནི་མེན་པར་ བཟའ་ཚང་ག་ར་ མེདཔ་བཏངམ་ལས་ དགའ་བའི་གླིང་དེ་ མི་ཚེ་བསྐྱར་གསོ་བཟུམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
རྒྱ་གར་གྱི་གཞུང་ཚབ་ ཧེ་རན་གྱིས་ བཤད་མི་དང་འཁྲིལཝ་ད་ ནང་འཁོད་རྩུབ་སྐྱོད་དང་ ཆང་དེ་ མི་སྡེ་ནང་ དཀའ་ངལ་ཆེ་ཤོས་ཅིག་ཨིནམ་ལས་ ཨམ་སྲུའི་ལྕོགས་གྲུབ་དང་ཆ་བཞག་ཡར་སྐྱེད་ལས་སྡེ་གིས་ ཉམས་རྒུདཔ་ཚུ་ལུ་ མཐུན་རྐྱེན་བྱིན་མི་དེ་ གནས་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་ཨིན་པས།
ནང་འཁོད་རྩུབ་སྤྱོད་དང་ ཆང་ལས་བརྟེན་པའི་ ཉམས་རྒུདཔ་ཚུ་ཡང་ མི་གཞན་ཚུ་དང་ འདྲ་མཉམ་སྦེ་ བརྩི་བཀུར་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཚུ་ འབྲུག་གཞུང་དང་ རྒྱ་གར་གཞུང་གིས་ འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment