གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་རིག་འགོ་དཔོན་ཅིག་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༡༠ བཀལ་ཡོདཔ།

༣༠/༤/༢༠༡༣  ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ བྱ་སྤྱོད་ངན་པ་དང་ གསུག་འབུལ་ ཡིག་ཆ་རྫུས་བཟོ་ སྡོང་ཟླ་དང་རྒྱུད་བསྐུལ་ ཁྲིམས་མཐུན་དབང་འཛིན་ལུ་རྒོལ་འགོག་ དེ་ལས་ ཆ་ཚད་མ་སྙོམས་པའི་དངུལ་གྱི་འཐོན་ཁུངས་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ མོང་སྒར་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ཅིག་ལུ་ བཙོན་ཁྲིམས་ལོ་༢ དང་ ཟླཝ་༡༠ བཀལ་ཡོདཔ་ཨིན་པས། 
མོང་སྒར་ཁྲིམས་འདུན་གྱི་ རྩོད་དྲུང་ཚུ་གིས་ རྩོད་བཤེར་ཡིག་ཆ་ཚུ་ ཁ་སྡམ་པའི་བསྒང་།


ཨིན་རུང་ སྐྱེས་ལོ་༣༩ ལང་མི་ བཟོ་རིག་འགོ་དཔོན་ ཚེ་རིང་ནོར་བུ་གིས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།
ཁྲིམས་འགལ་ཐོག་ ཁག་འབགཔ་ཚུ་ལས་ ནང་གསུག་ལེན་ཏེ་ ཆ་ཚད་མ་སྙོམས་པའི་ དངུལ་གྱི་ཐོན་ཁུངས་བསྡོམས་ དངུལ་ཀྲམ་༧༢༧,༧༡༤ ཡོད་མི་དེ་ ལོག་གཞུང་ལུ་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ངལ་གསོ་མ་རྩིས་བར་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ བཏབ་དགོ་པའི་བཀའ་རྒྱ་གནང་ཡི།
དེ་ཡང་ སྐྱེས་ལོ་༣༩ ལང་མི་ ཚེ་རིང་ནོར་བུ་གིས་ ཁོ་ར་ མོང་སྒར་རྫོང་ཁག་གི་ ས་ཁོངས་བཟོ་རིག་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ཉེས་འཛུགས་༡༠ དང་ ནང་གསུག་གི་ཉེས་འཛུགས་༤ དེ་ལས་ ཡིག་ཆ་རྫུས་མ་བཟོ་ཡོད་པའི་ཉེས་འཛུགས་ཚུ་ལུ་བརྟེན་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཉེས་འཛུགས་པ་ ཚེ་རིང་ནོར་བུ་གིས་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོག་ ཡུ་ད་རི་སློབ་གྲྭ་ཆུང་བའི་ སློབ་དབུ་འཛིན་གྱི་སྡོད་ཁྱིམ་ བཟོ་བསྐྲུན་འབད་བའི་སྐབས་ལུ་ མ་གསང་མི་བརྒྱུད་བཟོ་སྐྲུན་ལས་སྡེ་གི་ རིན་བསྡུར་ཡིག་ཆ་ཚུ་ ཁོ་ར་གིས་བཟོ་བྱིན་ཏེ་ བཟོ་སྐྲུན་གྱི་ལཱ་ཁག་འབགཔ་དེ་གིས་ འཐོབ་ཚུགསཔ་སྦེ་ བཟོ་ནུག་ཟེར་ཨིན་པས།
རིན་བསྡུར་གྱི་ལཱ་ཐོབ་པའི་ཤུལ་ལུ་ དངུལ་ཀྲམ་༣༥༩,༤༥༣ གནས་པའི་ ཉེན་སྲུང་ཅ་ཆས་སྔོན་བྱིན་གྱི་ རྩིས་ཐོ་དང་ དངུལ་ཀྲམ་༨༤༥,༡༩༨ གནས་པའི་རྩིས་ཐོ་ དེ་ལས་ རྩིས་ཐོ་རྫུས་མ་ཚུ་ བདེན་དཔྱད་ལེགས་ཤོམ་འབད་མ་འབད་བར་ ཁག་འབགཔ་ པདྨ་དབང་དྲག་ལུ་ དངུལ་ཐེབས་སྤྲོད་ནུག་ཟེར་ཨིན་པས།
དེ་མ་ཚད་ ན་རང་སྨན་ཁང་སྡེ་རིམ་༢ པའི་ འཐུང་ཆུ་བཏོན་པའི་སྐབས་ དྲྭ་མིག་འཁོར་ལོ་བཟོ་སྐྲུན་ལས་སྡེ་གི་ རིན་བསྡུར་ཡིག་ཆ་དང་ རིན་གོང་སྔོན་རྩིས་ཚུ་ ཁོ་གིས་བཀང་བྱིན་ཡོད་པའི་ཁར་ རིན་བསྡུར་ཡིག་ཆ་ཚུ་ཡང་ ཁོ་གིས་བཟོ་སྟེ་ ཆུ་དུང་སྦོམ་ཚད་ཨེམ་ཨེམ་༣༢ ལས་ ཨེམ་ཨེམ་༢༥ ལུ་ བྲིས་བསུབ་འབད་མི་དེ་ཚུ་ ལཱ་ངན་འབད་ནུག་ཟེར་ཨིན་པས།
ན་རང་སྨན་ཁང་བཟོ་སྐྲུན་གྱི་དོན་ལུ་ རིན་བསྡུར་ཞིབ་དཔྱད་ཚོགས་ཆུང་གི་ འགོ་འཛིན་དང་ ས་ཁོངས་བཟོ་རིག་པ་སྦེ་ བསྐོ་བཞག་འབད་བའི་སྐབས་ ཁོ་གིས་ གཡོ་སྒྱུའི་ཐོག་ལས་ རིན་བསྡུར་ཞིབ་དཔྱད་ཀྱི་ བྱ་སྒོའི་ལམ་ལུགས་དང་མ་འཁྲིལ་བར་ ཆགས་སྡང་ཕྱོགས་རིས་ཀྱི་སྒོ་ལས་ ཡུ་དབང་ཕྱུག་བཟོ་སྐྲུན་ལས་སྡེ་ལུ་ རིན་བསྡུར་གྱི་ལཱ་འཐོབ་ནིའི་དོན་ལས་ ཆ་རོགས་འབད་ཡོད་པའི་ཁར་ རིན་བསྡུར་བཙུགས་ནིའི་དོན་ལུ་ གཞུང་གི་རིན་གོང་སྔོན་རྩིས་ཁ་གསལ་ཚུ་ གསང་བཞག་དགོ་མི་དེ་ གསང་མ་བཞག་པར་ བརྡ་དོན་ཚུ་ ཟེ་མ་ལས་བྱིན་ནུག་ཟེར་ཨིན་པས།
དེ་མ་ཚད་ ཉེས་འཛུགས་པ་ ཚེ་རིང་ནོར་བུ་གིས་ ཁག་འབགཔ་ ཨྱོན་དབང་ཕྱུག་གིས་ ན་རང་སྨན་ཁང་བཟོ་སྐྲུན་གྱི་དོན་ལུ་ ཤིང་ཆས་ཚུ་ མུད་བཟོ་ཤིང་དྲྭ་ཁང་ནང་ལས་ ཉོ་ཉོཝ་མེད་པར་ ཤིང་ཆས་ཚུ་ག་ར་ ཉེ་འདབས་ཀྱི་ནགས་ཚལ་ནང་ལས་བཏོན་མི་དེ་ ཁག་འབགཔ་ཨྱོན་དབང་ཕྱུག་གིས་ མུད་བཟོ་ཤིང་དྲ་ཁང་ལས་ཉོ་བའི་ དངུལ་དངུལ་ཀྲམ་༩༠༠,༠༠༠ གནས་པའི་ ཡིག་ཆ་རྫུས་མ་བཟོ་སྟེ་བཙུགས་པའི་ཤུལ་ལས་ དངུལ་བཏོན་འབག་བཅུག་ཡོདཔ་ལས་ འགན་ཁུར་དང་འཁྲིལ་ བདེན་དཔྱད་མ་འབད་བའི་ ཉེས་པ་ཕོག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷ་དབང་ཚོང་ལས་ཁང་ལས་ རྩིས་ཐོ་སྟོངམ་ཅིག་འབག་ཞིནམ་ལས་ རྩིས་ཐོ་དེ་ ཁོ་ར་གིས་བཀང་སྟེ་ ཨྱོན་དབང་ཕྱུག་ལུ་ ཐོབ་བརྗོད་རྫུས་མ་དངུལ་ཀྲམ་༢༣༠,༠༠༠ བཟོ་བྱིན་ཡོད་པའི་ཁར་ བཟོ་སྐྲུན་ས་ཁོངས་ནང་ ལཱ་བསྟར་སྤྱོད་མ་འབད་བར་ དངུལ་ཐེབས་སྤྲོད་ནུག་ཟེར་ཨིན་པས།
མ་གཞི་ ས་ཁོངས་བཟོ་རིག་འགོ་དཔོན་གྱིས་ འགན་ཁུར་དེ་ རྩིས་ཐོ་དང་ ཡིག་ཆ་ཚུ་ བདེན་དཔྱད་མཐིལ་ཕྱིན་འབད་དགོ་པའི་འགན་ཁུར་ཡོད་རུང་ བདེན་དཔྱད་མ་འབད་བའི་ཁར་ ས་ཁོངས་ནང་ ཉེན་སྲུང་ཅ་དངོས་ སྔོན་བྱིན་གྱི་ཏི་རུ་ ཁག་འབགཔ་ལུ་ གནང་བ་སྤྲོད་ནིའི་དོན་ལས་ ཉེས་འཛུགས་པ་ཁོ་ར་གིས་ ཤེས་བཞིན་མཐོང་བཞིན་དུ་ ཡིག་ཆ་ལ་ལུ་ཅིག་རྫུས་མ་བཟོ་ཡོད་པའི་ཁར་ སྤུས་ཚད་ལེགས་ཤོམ་བཟོ་ནི་ལུ་ ལྟ་རྟོག་མ་འབདཝ་ཨིན་པས།
ཚེ་རིང་ནོར་བུ་གིས་ ནང་གསུག་དང་པ་དེ་ ཁག་འབགཔ་ པདྨ་དབང་དྲག་ལས་ ཡུ་ད་རི་སློབ་གྲྭ་ཆུང་བའི་ སློབ་གྲྭའི་དབུ་འཛིན་སྡོད་སར་ བཟོ་བའི་སྐབས་ལུ་ རིན་བསྡུར་ཡིག་ཆ་བཀང་མི་ལུ་བརྟེན་ དངུལ་ཀྲམ་༡༥༠,༠༠༠ ལེན་ཡོདཔ་ད་ གཉིས་པ་དེ་ ཁག་འབག་ཨྱོན་དབང་ཕྱུག་གི་ལས་ དངུལ་ཀྲམ་༥༠,༠༠༠ ལེན་ཡོདཔ་ཨིན་པས།
དེ་ལས་ ཁག་འབགཔ་ ཀརྨ་དབང་ཕྱུག་ལས་ གཟིམ་བཟོ་རོང་སྐྱེངས་མཁར་སོ་ནམ་ཞིང་ལམ་བཟོ་སྐྲུན་གྱི་ རིན་བསྡུར་ཡིག་ཆ་ཚུ་དང་ སྔོན་རྩིས་བཏོན་པའི་ཤུལ་ལུ་ རིན་བསྡུར་ཕྱིར་བཏོན་ལས་ སྔོན་འགོག་འབད་ཐབས་ལུ་དམིགས་ཏེ་ པདྨ་རྡོ་རྗེ་བརྒྱུད་དེ་ དངུལ་ཀྲམ་༢༠༠,༠༠༠ དང་ ཁག་འབགཔ་ ཀརྨ་དབང་ཕྱུག་གིས་ཡང་ དངུལ་ཀྲམ་༧༠,༠༠༠ ནང་གསུག་སྤྲོད་ཡོདཔ་ཨིན་པས།
ཚེ་རིང་ནོར་བུ་གིས་ བསམ་སྦྱོར་གྱི་སྒོ་ལས་ ཁྲིམས་མཐུན་དབང་འཛིན་ལུ་ གཡོ་སྒྱུ་དང་ མགུ་སྐོར་ཐོག་ ཁྲིམས་མཐུན་འོང་འབབ་དང་ ཆ་ཚད་མ་སྙོམས་པའི་ དངུལ་གྱི་འཐོན་ཁུངས་ཚུ་ སྦ་གསང་འབད་ནིའི་དོན་ལུ་ དངུལ་ཀྲམ་༢༥༠,༠༠༠ གནས་པའི་འབྱོར་འཛིན་རྫུས་མ་བཟོ་མི་དེ་ སྐལ་བཟང་ཟླ་བ་ཟེར་མི་ལས་ བསྐྱི་ཡོད་པའི་ ཡིག་ཆ་རྫུས་མ་བཟོ་ནུག།
དེ་ཡང་ སྤྱི་ལོ་༢༠༠༦ དང་༢༠༠༧ ལུ་ ན་རང་སྨན་ཁང་བཟོ་སྐྲུན་གྱི་ སྤུས་ཚད་དེ་ རྩིག་པའི་གྱང་གུ་ ལག་ལེན་འཐབ་མི་ བྱེམ་ཚུ་ཡང་ བྱེམ་ལེགས་ཤོམ་ལག་ལེན་མ་འཐབ་པར་ རི་ཁའི་བྱེམ་ ལག་ལེན་འཐབ་ཡོདཔ་མ་ཚད་ ཤིང་ཆས་ཚུ་ཡང་ རློནམ་ལག་ལེན་འཐབ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྤྱི་ལོ་༢༠༠༩ ལུ་ ས་ཡོམ་རྐྱབ་པའི་སྐབས་ རྩ་བ་ལས་རམ་སོང་མི་དེ་ གནད་དོན་དེ་ལུ་བརྟེན་ཨིནམ་ལས་ ཁོ་གིས་ ངན་ལྷད་ཀྱི་སྒོ་ལས་ རིན་བསྡུར་ཡིག་ཆ་དང་ སྔོན་རྩིས་ཐོབ་བརྗོད་བཀང་བྱིན་ཏེ་ གཡོ་སྒྱུའི་སྒོ་ལས་ རིན་བསྡུར་པ་དམའ་ཤོས་ཆ་མེད་བཏང་སྟེ་ མགུ་རྫས་ཚུ་ལེན་པའི་ ཉེས་པ་ཚུ་ བཀལ་ཡོདཔ་ཨིན་པས།
ས་ཁོངས་བཟོ་རིག་འགོ་དཔོན་དེ་ ནང་གསུག་དང་ ཡིག་ཆ་རྫུས་བཟོ་ལ་སོགས་པའི་ ངན་ལྷད་ཚུ་ནང་ འབྲེལ་གཏོགས་ཡོད་པའི་ ངོས་འཛིན་བྱུང་མི་དང་འཁྲིལ་ སྤྱི་ལོ་༢༠༡༠ ཟླ་༨ པའི་ཚེས་༢ ལས་ ན་རང་སྨན་ཁང་བཟོ་སྐྲུན་གྱི་ སྤུས་ཚད་དང་ ཁག་འབག་གི་ལཱ་སྤྲོད་ཐངས་ཚུ་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment