གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་གྱི་ བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་ས་ཁོངས་ནང་ལྷོད་ཡོདཔ།

༢༢/༤/༢༠༡༣  ༉ སྤྱི་ཟླ་དེ་གི་ ཚེས་༢༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ ཀྲོང་གསར་རྫོང་ཁག་འོག་གི་ རྒེད་འོག་ལྔ་གི་དོན་ལུ་ ཁ་ཙ་ བཙག་འཐུ་ནང་འབྲེལ་གཏོགས་འབད་མི་ འགོ་དཔོན་༡༠༥ དང་ སྲུང་རྒྱབ་༦༣ གྱིས་ རང་སོའི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ གྲ་སྒྲིག་འབད་བར་སོང་ཡི།
ཀྲོང་གསར་གྱི་ ཁྲིམས་སྲུང་འགག་པ་ཚུ་ བཙག་འཐུའི་སྒྲིག་རྒྱུག་ནང་ འགྱོ་བའི་བསྒང་།


དེ་ཡང་ རྫོང་ཁག་གི་ རྒེད་འོག་ལྔ་གི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༢༡ ཡོད་མི་ཚུ་ནང་ འགྱོ་ནི་ཨིནམ་ད་ རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ སྐོར་ཕུག་དང་ གླང་ཐལ་རྒེད་འོག་གི་དོན་ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚེས་༢༠ ལས་ སོང་ཡོདཔ་ད་ ཁོང་གིས་ ཁ་ཙ་ཕྱི་རུ་ཁམས་ཅིག་ལས་ རང་སོའི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ལྷོད་དེ་ སྤྱི་ཚེས་༢༣ གྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་རེ་ནང་ སྲུང་རྒྱབ་གསུམ་དང་ ཨམ་སྲུ་ཞིབ་དཔྱད་འབད་མི་ ཅིག་ དེ་ལས་ གཞན་འགོ་དཔོན་ཚུ་རྩིས་ཏེ་ མི་༨ རེ་བཏང་ཡོད་རུང་ གཞན་རྒེད་འོག་ཚུ་གི་དོན་ལུ་ འགོ་དཔོན་ཚུ་གིས་ ཁ་ཙ་ དྲོ་པ་སོང་ཡོདཔ་ད་ ཉེ་འདབས་ལུ་ཡོད་མི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ ཁ་ཙ་ ཉི་མ་ལས་ སོང་ཡོདཔ་ཨིན་པས།
ཚོགས་རྒྱན་གྱི་ཉིན་མར་ རྒེད་འོག་ནང་ཡོད་མི་ འགོ་དཔོན་ཚུ་གིས་ ཚོགས་རྒྱན་གྱི་གྲུབ་འབྲས་ཚུ་ག་ར་ འགྲུལ་འཕྲིན་ མོ་བཱ་ཡེལ་གྱི་ཐོག་ལས་ སླབ་ནི་ཨིནམ་བཞིན་དུ་ ཁ་ཙ་ རྫོང་ཁག་གི་ ཚོགས་རྒྱན་གྱངས་ཁ་རྐྱབ་ས་ལྟེ་བའི་ འགོ་དཔོན་དང་ རྒེད་འོག་ནང་ཡོད་མི་ཚུ་གིས་ འགྲུལ་འཕྲིན་གྱི་ཐོག་ལས་ མོ་བཏབ་ལས་རིམ་ཚུ་ཡང་ འབད་ཡོདཔ་ཨིན་པས།
ནུབ་སྦིས་རྒེད་འོག་ ཀ་གཞོང་གི་ ཚོགས་རྒྱན་བཙུགས་སའི་ལྟེ་བ་ནང་ འགྲུལ་འཕྲིན་བི་མོ་བ་ཡེལ་གྱི་ ཞབས་ཏོག་ལུ་ དཀའ་ངལ་དུམ་གྲ་ཅིག་ཡོད་ནི་དེ་གིས་ བཀྲ་ཤིས་འགྲུལ་འཕྲིན་ལག་ལེན་འཐབ་བཅུག་ཡོད་རུང་ གཞན་མི་རྒེད་འོག་ཚུ་ནང་ འགྲུལ་འཕྲིན་གྱི་ཞབས་ཏོག་ལུ་ དཀའ་ངལ་སྦོམ་ཅིག་ མེདཔ་ཨིན་པས།
རྫོང་ཁག་གི་ རྒེད་འོག་ལྔ་ནང་ ཚོགས་སྡེའི་བཙག་འཐུ་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༨,༧༣༦ ཡོད་ས་ལས་༤,༡༤༧ ཕོ་སྐྱེས་དང་༤,༥༨༩ ཨམ་སྲུ་ཡོདཔ་ད་ རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་དོན་ལུ་ ཞུ་ཡིག་བཙུགས་མི་༩༨༢ ཡོད་ས་ལས་༧༩༨ ལུ་ ཞུ་ཡིག་བཏང་ཡོད་རུང་ སྤྱི་ཚེས་༢༠ ཚུན་འབདཝ་ད་ མི་ངོ་༧༢༣ གྱིས་རྐྱངམ་གཅིག་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཏེ་ འདུག་ཟེར་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་བཙུགས་མིའི་གྲས་ཁར་ འབྲུག་མི་ ཡུ་ཨེས་ཨེ་ལུ་སྡོད་མི་༡༠ གྱིས་ཡང་ ཞུ་ཡིག་བཙུགས་ཡོད་རུང་ ཁོང་གསུམ་རྐྱངམ་གཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག་ཟེར་ ངོས་ལེན་འགོ་དཔོན་ གླེ་པོ་གིས་ བཤད་ཅི།
ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་ཡང་ མང་ཤོས་ར་ སློབ་གྲྭ་ཚུ་ནང་ཡོདཔ་ད་ རྫོང་ཁག་ནང་ གནས་སྐབས་ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ མེདཔ་ཨིན་པས།
ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་ངོ་མ་དེ་ སྤྱི་ཚེས་༢༣ གྱི་ ཆུ་ཚོད་༢ ལུ་ འདེམས་ངོ་ཚུ་གི་གདོང་ཁར་ ཁ་ཕྱེ་འོང་ཟེར་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གི་དོན་ལུ་ དུས་ཚོད་ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment