གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་དབང་ཕྱུག་གིས་ མི་སེར་ལུ་ཞབས་ཏོག་ཞུ་ནིའི་གོ་སྐབས་ཐོབ་ཡོདཔ།

༢༥/༤/༢༠༡༣   ༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དེ་ ཚོགས་སྡེའི་འཐུས་མི་བགྲེསཔ་ འཇིགས་མེད་དབང་ཕྱུག་ ཡང་བསྐྱར་དུ་ བཙག་འཐུ་གྲུབ་ཡོདཔ་ད་ ཚོགས་རྒྱན་ཡོངས་བསྡོམས་༧༦༤༣ བཙུགས་མི་ལས་༥༢༡༣ ཐོབ་སྟེ་ འཐུས་མིའི་གྲངས་སུ་ ཚུདཔ་ཨིན་པས།
བཙག་འཐུ་གྲུབ་མི་ འཇིགས་མེད་དབང་ཕྱུག།


སྤྱི་ལོ་༢༠༠༨ ལུ་ དོ་འགྲན་འབད་མི་ བདེ་བ་ཐང་ཁྲོམ་ལས་ སངས་རྒྱས་ལྷུན་གྲུབ་ཀྱིས་ ཚོགས་རྒྱན་༡༧༨༤ དང་ ཀུན་དགའ་རྡོ་རྗེ་གིས་ ཚོགས་རྒྱན་༢༤༣༤ ལས་བརྒལ་ ཐོབ་མ་ཚུགས་པས།
འཇིགས་མེད་དབང་ཕྱུག་དེ་ ཁྱད་ལྡན་གྱི་ཚོགས་རྒྱན་ཐོབ་མི་ མཐོ་ཤོས་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་༩༦༩ དང་ འཕྲུལ་ཆས་ཚོགས་རྒྱན་༤༢༤༤ ཐོབ་སྟེ་ ལན་ཐེངས་༢ བཙག་འཐུ་གྲུབ་མི་དེ་ རྫོང་ཁག་གི་མི་སེར་ཚུ་གིས་  ཁོ་ལུ་ཡིད་ཆེས་ཡོད་པའི་རྟགས་མཚན་ ཨིན་མས་ཟེར་ཨིན་པས།
 ཁོ་ལུ་དོ་འགྲན་འབད་མི་ ཀུན་དགའ་རྡོ་རྗེ་ལུ་ འགྲེམ་ཐོག་ཚོགས་རྒྱན་༥༧༢ དང་ འཕྲུལ་ཆས་ཚོགས་རྒྱན་༡༨༦༢ ཐོབ་ཡོདཔ་ད་ སངས་རྒྱས་ལྷུན་གྲུབ་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༢༧༡ དང་ འཕྲུལ་ཆས་ཚོགས་རྒྱན་༡༥༡༣ ཐོབ་ནུག།
རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་གྲུབ་པའི་སྐབས་ འཇིགས་མེད་དབང་ཕྱུག་དེ་ ལའུ་རི་རྒེད་འོག་ནང་ སྡོད་ཡོདཔ་ལས་ ཁོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་ཡོངས་ལུ་ ཡིད་ཆེས་འདྲོངས་ཚུགསཔ་མ་ཚད་ ཐ་དམ་ཚིག་ལེགས་ཤོམ་ཡོད་པའི་ བརྡ་མཚོན་ཅིག་ཡང་ཨིན་མས་ཟེར་ཨིན་པས།
འདེམས་ཁོངས་ལྟ་སྐོར་ནང་འགྱོ་བའི་སྐབས་དང་ འཛོམས་འདུ་རྐྱབ་ད་ གཡུས་སྒོའི་མི་སེར་ཚུ་ལུ་ ཁོ་གིས་ ལོ་༥ འི་རིང་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་བའི་སྐོར་ ལེགས་ཤོམ་སྦེ་སླབ་ཡོདཔ་མ་ཚད་ ཁོ་ ལོག་བཙག་འཐུ་འབད་ནི་ཨིན་པའི་སྐོར་ལས་ ཧ་གོ་ཡོདཔ་ལས་ ཕྱག་ཞུ་ནིའི་གོ་སྐབས་ འཐོབ་ནི་ཨིནམ་ ཧ་གོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ཚོགས་རྒྱན་ཉུང་ཤོས་ཐོབ་མི་ སངས་རྒྱས་ལྷུན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ ང་ར་ ཚོགས་རྒྱན་ཉུང་ཤོས་ ཐོབ་སྟེ་འབད་རུང་ སེམས་ཕམ་དགོཔ་མེད་ཟེར་ཨིན་མི་དེ་ཡང་ མ་འོངས་ཡུན་རིང་ལུ་ མི་སེར་གྱི་ ཞབས་ཏོག་ཞུ་ནིའི་གོ་སྐབས་ ཐོབ་ཚུགས་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབད་ཚརཝ་ཅིག་ རྒྱལ་ཡོངས་ཚོགས་འདུའི་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཆ་རོགས་ཅིག་གིས་ འགྲུལ་འཕྲིན་ལྷོད་ཡོདཔ་ཨིན་རུང་ ཁོ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནིའི་ རེ་བ་མེད་ཟེར་ སླབ་ཅི་ཟེར་ཨིན་པས།
རྫོང་ཁག་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ཚུ་གིས་ དྲོ་པ་ལས་འོང་སྟེ་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཉི་མ་ཆུ་ཚོད་༢ དེ་ཅིག་ཁར་ མཇུག་བསྡུ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༢༢,༨༨༣ ཡོད་མི་ལས་༧,༦༤༣ གྱིས་ དེ་ཚེ་ཉིན་མར་ ཚོགས་རྒྱན་བཙུགས་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་༡,༨༡༢ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment