གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ ཚོགས་འདུ་ རྩ་གྲོལ་ སོང་ཡོདཔ།

༢༢/༤/༢༠༡༣   ༉ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་གནས་ཡུན་ ལོ་༥ ཚང་མི་ལུ་བརྟེན་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རང་ལུགས་ཀྱི་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ རྩ་གྲོལ་སོང་ཡི།
སྤྱི་ཟླ་༤ པའི་ཚེས་༢༠ ལུ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་སོང་མི་དང་བསྟུན་ ལོ་༥ གི་ཧེ་མར་ བཙག་འཐུ་གྲུབ་མི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་༢ ཀྱིས་ བཀྲིས་ཆོས་རྫོང་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ ཕྱག་དབང་ཞུ་ཡོད་པའི་གནས་ཚུལ།


དེ་བསྒང་ རྒྱལ་པོའི་ཞབས་བརྟན་དང་ བདེ་གཤེགས་བསྟན་པའི་སྨོན་ལམ་བཏང་བའི་ཤུལ་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ གསེར་ཁྲི་གུ་ ཁ་དར་ཕུལ་ཡི།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པ་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་སོང་བའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་རྣམ་དག་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ ཉིན་གྲངས་༩༠ ལས་མ་བརྒལ་བའི་ དུས་ཡུན་ཅིག་ནང་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་གཞུང་ཅིག་ བསྐོ་བཞག་གནང་འོང་ཟེར་ཨིན་པས།
གནས་སྐབས་ཀྱི་གཞུང་དེ་ནང་ གྲོས་དཔོན་སྤྱི་ཁྱབ་གཅིག་དང་ གྲོས་དཔོན་གཞན་ཚུ་ རྒྱལ་ཡོངས་ཚོགས་འདུ་རྩ་གྲོལ་སོང་སྟེ་ ཉིན་གྲངས་༡༥ འི་ནང་འཁོད་ལུ་ བསྐོ་བཞག་གནང་ནི་ཨིན་པས།
གྲོས་དཔོན་སྤྱི་ཁྱབ་དེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་ བསྐོ་བཞག་གནང་དགོཔ་སྦེ་ རྩ་ཁྲིམས་ཆེན་མོ་ནང་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment