གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཀུན་མཉམ་པར་ཊི་ནང་ འདེམས་ངོ་གསརཔ་༥ གི་ངོ་སྤྲོད་འབད་ཡོདཔ།

༣༠/༤/༢༠༡༣   ༉ སྤྱི་ཟླ་༤ པའི་ཚེས་༢༧ ལུ་ འབྲུག་ཀུན་མཉམ་པར་ཊི་གིས་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་ཡོདཔ་ལས་ འདེམས་ངོའི་གྱངས་ཁ་༣༦ ལུ་ ལྷོད་ཡོདཔ་ཨིན་པས།


ཚོགས་པ་གིས་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་མི་དང་འབྲེལ་ བསམ་རྩེ་ ཨྱོན་རྩེ་འོད་གསལ་རྩེ་འདེམས་ཁོངས་ལས་ ཨེན་ བ་ཊ་རའི་དང་ མོང་སྒར་འདེམས་ཁོངས་ལས་ པདྨ་དབང་འདུས་གཉིས་ ཚོགས་པའི་ གཙོ་འཛིན་འོགམ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན།
འབྲུག་ཀུན་མཉམ་པར་ཊི་ནང་ལུ་ ད་རུང་ ཨམ་སྲུ་༡ ངོ་སྤྲོད་འབད་མི་ལུ་བརྟེན་ ཨམ་སྲུ་ཡོངས་བསྡོམས་༧ ཡོདཔ་ཨིན་པས།







ཀརྨ་རྒྱལ་མཚན།
བཀྲིས་གཡང་རྩེ་ རམ་འཇར་ཁམས་དྭངས་འདེམས་ཁོངས་ལས་ ཀརྨ་རྒྱལ་མཚན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ ཚོགས་རྒྱན་ལངམ་སྦེ་ ཐོབ་མ་ཚུགས་མི་ལུ་བརྟེན་ བཙག་འཐུ་གྲུབ་མ་ཚུགས་ཏེ་འབད་རུང་ ལོག་སྟེ་ར་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྲིད་དོན་ཚོགས་པའི་ནང་ འཛུལ་ཡི་ཟེར་ཨིན་པས།
ལོ་ངོ་༢༢ ཀྱི་རིང་ འཛིན་སྐྱོང་དང་ ཡོངས་ཁྱབ་འཛིན་སྐྱོང་གི་ ལཱ་གཡོག་ནང་ ཉམས་མྱོང་ཡོད་མི་ ཀརྨ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལས་ དོ་འགྲན་འབད་བར་ མ་འགྱོ་བའི་ཧེ་མ་ལས་ར་ འབྲུག་ཀུན་མཉམ་པར་ཊི་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་ ཡོད་ཟེར་ཨིན་པས།








ཀུན་དགའ་བསྟན་འཛིན།
སྐྱེས་ལོ་༢༦ ལང་མི་ ཀུན་དགའ་བསྟན་འཛིན་གྱིས་ ཚོགས་པའི་འདེམས་ངོ་སྦེ་ སྤ་རོ་རྡོ་སྒར་ ཤར་པ་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ སྤྱི་ལོ་༢༠༡༡ ལུ་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཡོདཔ་ཨིན་པས།
ཀུན་དགའ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ རྒྱབ་སྐྱོར་འབད་ནི་འདི་ཁག་ཆེཝ་ལས་ ཁོ་གིས་ གནད་དོན་དེ་ལུ་ གཙོ་བོར་གཏོན་ནི་ཟེར་ཨིན་པས།








ཚེ་རིང་དབྱངས་སྐྱིད།
སྐྱེས་ལོ་༢༨ ལང་མི་ ཚེ་རིང་དབྱངས་སྐྱིད་ཀྱིས་ ཚོགས་པའི་འདེམས་ངོ་སྦེ་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ འཇམ་མཁར་འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་པས།
མོ་གིས་ རྒྱ་གར་ཅེ་ནའི་ལས་ གློག་རིག་ནང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་བའི་ཤུལ་ལུ་ ཨ་ཐང་གློག་རིག་སྦྱོང་བརྡར་སྤེལ་ཁང་ནང་ ལོ་༣ གྱི་རིང་ ལཱ་འབད་ཡོདཔ་ཨིན་པས།








འཆི་མེད་རིག་འཛིན།
ཚོགས་པའི་ འདེམས་ངོ་ཚུ་གི་གྲས་ལས་ ཆུང་ཤོས་ཅིག་ཨིན་མི་ འཆི་མེད་རིག་འཛིན་གྱིས་ ཚོགས་པའི་འདེམས་ངོ་སྦེ་ ལྷུན་རྩེ་ སྨན་སྦིས་ བཙན་མཁར་ འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨན་པས།
ཁོ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ གོང་འཕེལ་འདྲ་མཉམ་བཟོ་ནི་ལུ་ གཙོ་བོ་གཏོན་ནི་ཟེར་ཨིན་པས།








པདྨ་རྣམ་རྒྱས།
པདྨ་རྣམ་རྒྱལ་གྱིས་ ཚོགས་པའི་འདེམས་ངོ་སྦེ་ དབང་འདུས་ ཉི་ཤུ་ སྲས་ཕུག་ འདེམས་ཁོངས་ནང་ལས་ དོ་འགྲན་འབད་ནི་ཨིན་པས།
ཁོ་གིས་ སྲིད་དོན་ཚོགས་པའི་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ལཱ་གཡོག་ལྷན་ཁག་ནང་ ལཱ་འབད་ཡོདཔ་ཨིན་པས།
ཚོགས་པའི་་འཐུས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ པདྨ་རྣམ་རྒྱལ་ལུ་ ཚོགས་པའི་ འདེམས་ངོ་སྦེ་ ཐོན་དགོ་པའི་ སྐོར་ལས་སླབ་ད་ ཁོ་གིས་ ལན་གསལ་སླབ་ནི་ལུ་ ཧ་ལམ་ དུས་ཚོད་འགོར་ཡི་ཟེར་ཨིན་རུང་ ཤུལ་ལས་ མཐའན་མཇུག་ལུ་ སེམས་ཐག་བཅད་ཐོག་ལས་ ཁ་བཟེད་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment