གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་གི་འཐུས་མི་བགྲེསཔ་གིས་ ད་རུང་ ལོ་༥ འི་རིང་ ཞབས་ཏོག་ཞུ་ནིའི་ གོ་སྐབས་ཐོབ་ཡོདཔ།

༢༥/༤/༢༠༡༣   ༉ ཧཱ་རྫོང་ཁག་ནང་གི་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཚེ་རིང་རྡོ་རྗེ་ ལོག་ བཙག་འཐུ་འབད་ཡོདཔ་ཨིན་པས།


སྐྱེས་ལོ་༣༨ ལང་མི་ ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་ཡོངས་བསྡོམས་༡༨༦༦ ཐོབ་ཡོདཔ་ཨིན་པས།
ས་དམར་རྒེད་འོག་གི་འདེམས་ངོ་ མཁའ་འགྲོ་དབང་ཕྱུག་གིས་ ཚོགས་རྒྱན་ཡོངས་བསྡོམས་༦༣༤ ཐོབ་ཡོདཔ་ད་ སྐར་མཚོ་རྒེད་འོག་ལས་ བསྟན་འཛིན་ནོར་བུ་གིས་ ཚོགས་རྒྱན་༤༨༠ ཐོབ་ཡོདཔ་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ ཀུན་གསལ་ལུ་བཤད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་གྲུབ་འབྲས་དེ་ ཁོ་གི་དོན་ལུ་ ཧ་ལས་སི་སི་ཅིག་སྦེ་ བྱུང་ཡི་ཟེར་ཨིན་པས།
ཧཱ་གི་མི་སེར་ཚུ་གིས་ ཁོ་ལོག་བཙག་འཐུ་འབད་ཡོད་མི་དེ་གིས་ ཁོང་ལུ་ དགའ་ཚོར་དང་འདྲཝ་སྦེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཧེ་མ་བ་ ལྷགཔ་སྦེ་ ཕྱག་ཞུ་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གཞན་མི་འདེམས་ངོ་ཚུ་ཡང་ བཙག་འཐུའི་གྲུབ་འབྲས་ལུ་ལྟ་སྟེ་ ཧ་ལས་ཡོདཔ་ལས་ འདེམས་ངོ་༡ གིས་ སྲིད་དོན་ཚོགས་པའི་ནང་ བཅའ་མར་གཏོགས་ནིའི་ སྤྲོ་བ་བསྐྱེད་དོ་ཟེར་ཨིན་པས།
བསྟན་འཛིན་ནོར་བུ་གིས་ བཤད་མི་དང་འཁྲིལཝ་ད་ ཁོ་རའི་ རྒེད་འོག་ནང་ལས་ རྒྱབ་སྐྱོར་ཐོབ་པའི་རེ་བ་བསྐྱེད་ སྡོད་ཡོདཔ་ཨིན་རུང་ ཁོ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ ལེགས་ཤོམ་ཅིག་ཐོབ་མ་ཚུགས་ཟེར་ཨིན་པས།
སྐར་མཚོ་རྒེད་འོག་ལས་ སྐྱེས་ལོ་༨༠ ལང་མི་ ཨོ་རྒྱན་ལྷ་མོ་གིས་འབད་བ་ཅིན་ ཚོགས་རྒྱན་ཕུད་རྡོག་༡ གིས་ཡང་ ཁྱད་པར་ སྦོམ་བཟོ་ཚུགསཔ་ལས་ མོ་གིས་ མོ་རའི་ འདེམས་ངོ་དེ་ལུ་ བཙུགས་ཅི་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ནང་ ཚོགས་རྒྱན་ཚུ་ དུས་ཚོན་ཁར་ འགོ་བཙུགས་ཡོདཔ་བཞིན་དུ་ མི་སེར་ཚུ་ དྲོ་པའི་དུས་ཚོད་མ་རནམ་ལས་ར་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ ལྷོད་ཡོདཔ་ཨིན་པས།
མི་སེར་ལ་ལུ་ཅིག་ ཚོགས་རྒྱན་བཙུགས་པ་འོང་བའི་སྐབས་ ཚོགས་རྒྱན་ངོ་སྦྱོར་ལག་ཁྱེར་གསརཔ་དེ་ མེན་པར་ ཧེ་མ་གི་ངོ་པར་ འབག་འོང་ཡོདཔ་ལས་ ལོག་བཏང་དགོཔ་ཐོན་ནུག།
ཧཱ་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཕྱི་རུའི་ཆུ་ཚོད་༥ ལས་ ཚོགས་རྒྱན་བཙུགས་ནི་ མཇུག་བསྡུ་བའི་ཤུལ་ལུ་ གྲུབ་འབྲས་ཚུ་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་བཏང་ནུག།
ཐོ་བཀོད་འབད་དེ་ཡོད་མི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༦༨༦༩ ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་༣༡༩༨ རྐྱངམ་གཅིག་ འོང་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ འགྲེམ་ཐོག་ཚོགས་རྒྱན་༤༢༩ ལྷོད་ཡོད་ས་ལས་༤༢ ཆ་མེད་སོང་ཡོདཔ་ཨིན་པས།
ཧཱ་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ འཕྲིན་ལས་རྒྱ་མཚོ་གིས་ བཤད་མི་དང་འཁྲིལཝ་ད་ མཐའ་བཅད་གྲུབ་འབྲས་གཏོན་ནིའི་ནང་ དུས་ཚོད་དུམ་གྲ་ཅིག་འགོར་མི་དེ་ འགྲུལ་འཕྲིན་གྱི་རྒྱུན་ལམ་ ལེགས་ཤོམ་མེད་མི་ལས་ བརྟེན་ཨིན་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།





No comments:

Post a Comment