གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༢༩/༤/༢༠༡༣   རྫོང་ཁའི་སློབ་སྟོན་ཐབས་ལམ་ ཡར་དྲག་གཏང་དགོཔ།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱང་བསྒྲགས་རེ་ཌིའོ་ཐོག་ལས་ རེས་གཟའ་ཉིམ་གི་ཕྱི་རུ་ ཨ་རྟག་ར་ རྫོང་ཁའི་ལས་རིམ་ནང་ ཤེས་རིག་གི་ལས་རིམ་ རྒྱང་བསྒྲགས་འབདཝ་མས་ཟེར་ཞུ་ནི།
དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༠ གི་ཕྱི་རུ་ རྒྱང་བསྒྲགས་རེ་ཌིའོ་ལས་རིམ་ ཉན་པའི་སྐབས་ལུ་ རྒྱལ་ཡོངས་གཞུང་སྐད་རྫོང་ཁའི་ཐོག་ལས་ ཤེས་རིག་གི་ལས་རིམ་ སྟོན་པའི་བསྒང་ཨིན་མས་ཟེར་ཞུ་ནི།
ལས་རིམ་དེ་ནང་ སྐད་ཡིག་གི་རིག་རྩལ་ ཉན་ནི་དང་ སླབ་ནི་ ལྷག་ནི་ འབྲི་ནི་ལ་སོགས་པའི་ རིག་རྩལ་རྣམ་པ་བཞི་ ཡར་རྒྱས་གཏང་དགོཔ་གལ་ཆེ་བའི་སྐོར་ལས་ ལས་རིམ་སྟོན་གནང་མི་དེ་ འབྲུག་རྒྱལ་ཁབ་ཀྱི་ སློབ་གྲྭ་ཁག་གི་ སློབ་དཔོན་ཚུ་དང་ སློབ་ཕྲུག་ཡོངས་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ལས་རིམ་བཟོ་གནང་མི་དེ་ལུ་ ང་རའི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ཞུ་ནི།
དེ་མ་ཚད་ དེ་བཟུམ་གྱི་ དོན་ཚན་ཁག་ཆེ་ཏོག་ཏོ་ རྒྱང་བསྒྲགས་འབདཝ་ལས་བརྟེན་ ང་ཡང་ ལྷག་པར་དུ་ ཉན་ནི་གི་ སྤྲོ་བ་སྦོམ་བྱུང་ཡི་ཟེར་ཞུ་ནི།
ལས་རིམ་བཟོ་གནང་མི་དེ་ལུ་ ང་རའི་ཁ་ཐུག་ལས་ རྒྱབ་སྐྱོར་ཕུལ་ནི་དང་འབྲེལ་ཏེ་ བསམ་འཆར་མདོར་བསྡུས་ཅིག་ཞུ་ནི།
དེ་ཡང་ ལས་རིམ་ནང་ ཉན་ནིའི་རིག་རྩལ་གྱི་སྐོར་ལས་ གསལ་བཤད་པ་གིས་ “སློབ་དཔོན་གྱིས་ ཡར་ལས་མར་ལྷགཔ་ད་ སློབ་ཕྲུག་ཚུ་གིས་ ཉན་མི་དེ་ ཉན་ནིའི་རིག་རྩལ་ཨིན་ཟེར་” སླབ་ཨིན་མས་ཟེར་ཞུ་ནི།
མ་གཞི་ ཁོ་གིས་སླབ་མི་དེ་ ཉན་ནིའི་རིག་རྩལ་ཨིནམ་སྦེ་ ང་བཅས་ག་ར་གིས་ ཁས་ལེན་པའི་ཁར་ དེ་གུ་ཉན་ནིའི་རིག་རྩལ་ ཡར་དྲག་གཏང་ཐབས་ལུ་ སྤྲོ་བ་ཅན་གྱི་ སློབ་ཁང་གི་ སྦྱོང་ལཱ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ ཉན་ནིའི་རིག་རྩལ་དེ་ ལྷག་པར་དུ་ ཡར་དྲག་འགྱོ་འོང་ཟེར་ཞུ་ནི།
དེ་བཟུམ་སྦེ་ ང་བཅས་ག་ར་གིས་ བསམ་འཆར་བརྗེ་སོར་ཐོག་ལས་ རྫོང་ཁའི་སློབ་སྟོན་གྱི་ཐབས་ལམ་ ཡར་དྲག་གཏང་ཚུགས་པ་ཅིན་ སྤྱིར་ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ཡར་རྒྱས་གཏང་ནི་དང་ སྒོས་སུ་འབྲུག་གི་ སློབ་གྲྭ་ཁག་ཚུ་ནང་ ཤེས་ཡོན་སྦྱང་མི་ ན་གཞོན་ཕོ་མོ་ཚུ་གི་རྒྱུད་ལུ་ རྫོང་ཁའི་གཞི་འགྱམ་ ལེགས་ཤོམ་སྦེ་ འཐོབ་ཚུགས་ནི་གི་ དགོས་པ་སྦོམ་འོང་ནི་མས་ཟེར་ ཞུ་ནི་ཨིན།

རྒྱལ་ཡོངས་སྐད་ཡིག་ལུ་ བརྩི་བཀུར་མེདཔ་ཨིན་ན?

༉ འབྲུག་གི་སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་ བསྐུལ་བསྒྲགས་འབད་བའི་སྐབས་ འདེམས་ངོ་ཚུ་གིས་ སླབ་ཤེས་རུང་མ་ཤེས་རུང་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཐོག་ལས་ སླབ་སར་མཐོངམ་ད་ ང་བཅས་མི་སེར་ཚུ་ཡང་ ཧ་གོ་རུང་མ་གོ་རུང་ བྱ་ཐབས་མེད་པར་ ཉན་དགོ་པས་ཟེར་ཞུ་ནི།
ལུང་ཕྱོགས་ཀྱི་ཁ་སྐད་ དུམ་གྲ་རེ་ སླབ་བཅུག་རུང་ བཏུབ་ནི་མས་ཟེར་བའི་ མནོ་བསམ་བཏང་དགོཔ་བྱུང་ཡི་ཟེར་ཞུ་ནི།
རྫོང་ཁ་འདི་ བརྩི་བཀུར་ཡོདཔ་བཟུམ་ཅིག་མཐོང་རུང་ སྤྱི་ཟླ་༤ པའི་ཚེས་༢༤ གི་དྲོ་པ་ རྒྱང་མཐོང་ནང་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་ འདེམས་ངོ་ཆ་མཉམ་ལུ་ བཀའ་དྲིན་དགའ་ཚོར་གྱི་གསུང་བཤད་ ཨིང་སྐད་ཐོག་ལས་ སླབ་ནི་དེ་གིས་ ང་བཅས་མཐའ་ཟུར་ལས་ཕར་སྡོད་མི་ཚུ་ ཧ་མ་གོཝ་ལས་ ཉན་ནི་ལུ་ སྤྲོ་བ་མ་འབྱུང་ཟེར་ཞུ་ནི།
གཞུང་གི་འགོ་དཔོན་ཚུ་གིས་ར་ རྫོང་ཁ་བདག་འཛིན་འཐབ་མ་གནང་པ་ཅིན་ ང་བཅས་མི་སེར་ཉམ་ཆུང་ཚུ་གིས་ བདག་འཛིན་འཐབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment